R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༦བ
[A:༤༥༦བ]གཡག་ནག་ཅེས་ཡོད་པའི་ཕྱི་ནང་
(ཨེ)
(སྒོ)
(བློ)
གསང་བའི་དེ་ཁོ་ན་ཉིད་དང་བཅས་པའི་རྟེན་བཅའ་བའི་ཡི་གེ་
རྫོང་པོད་ན་ཡོད།
ཤཱཀྱའི་དགེ་སློང་གཉན་གྱིས་མཛད་པའི་ཨུ་པ་དེ་ཤ་སུ་ཐོད་ཐོད་ལ་བསྟན་པར་མི་བྱའོའི་མཐའ་ཅན། ༧མགོར། མ་ཧཱ་ཀཱ་ལའི་རྟེན་བཅའ་བ་ནི། རྡོ་ནག་པོ་སྨུག་པོའམ་ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་བསྡུས་པ་
རྫོང་པོད་ན་ཡོད།
གཉན་ལོའི་གསུང་། བཅུ་བཞི་ལ་མ་ཆག་པ་གོང་བཞིན་བྱའོའི་མཐའ་ཅན། དེའི་གསུང་མགོར། རྡོ་རྗེ་ནག་པོ་ཆེན་པོའི་རྟེན་བཅའ་བ་ནི། བྱང་ཤར་རམ་ཤར་ལྷོ་ནས། ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་རྒྱས་པ། གཏོར་མའང་འགྲུབ་ན་བཟང་ངོ་། །བླ་མ་གཉན་ལོ་ཙཱ་བའི་མན་ངག་Jའི་མཐའ་ཅན། གསང་རྟེན་གྱི་སྐབས་སུ་མགོར། རྟེན་བཅའ་ཐབས་ལ་གྲི་སྙིང་འཁོར་ལོ་ཞེས་ཡོད་པའི་གཏུམ་པོ་རང།
(སྒོ)
(བློ)
སྲུང་གི་འཁོར་ལོ་འབྲི་ཚུལ་རྟེན་བཅའ་ཐབས་སོའི་མཐའ་ཅན།
འདི་གཉིས་གཅིག་ཏུ་བྱེད་ན་མ་གཏོགས་སོ་སོར་བྱ་ཚེ་དཀར་ཆག་ཏུ་གཅིག་མི་བསལ་བས་ཞར་བྱུང་།
མགོར། གཏུམ་པོ་སྲུང་བའི་འཁོར་ལོ་དང་། །ཞེས་ཡོད་པའི་གསལ་
(སྒོ)
(བློ)
བྱེད་གསེར་སྲང་བཞི་ཕུལ་ཞེས་གྲགས་སོའི་མཐའ་ཅན། མགོར། འདིའི་གནད་ལ་བླ་མ་