R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༨ན
[A:༤༥༨ན]
ལེ་ཚན་གཉིས་པོ་གོ་རིམ་ལྡོག་འདུག་ཅིང་གོང་དཀར་བའི་གླེགས་བམ་དུའང་དེ་ལྟར་སྣང་།
གཏོར་མའི་སྐབས་སུ་དེས་མཛད་པའི་མགོར། བླ་མ་གཉན་ལོའི་ཞལ་གདམས་
(གློ)
(a)
གཏོར་མ་གཤམ་དུ་ཞེས་ཡོད་པའི་གཏོར་མ་བཅའ་ཐབས་ཀྱི་ཡི་གེ་རྒྱུན་གྱི་ཐུན་མཚམས་སོའི་མཐའ་ཅན།
རྫོང་པོད་ནའང་ཡོད།
དེས་མཛད་པའི་མགོར། ཡར་ངོའི་བརྒྱད་དང་ཞེས་ཡོད་པའི་
(གློ)
གཏོར་མ་གཏོང་ཐབས་ཀྱི་ཡི་གེ །ཡུམ་ལ་སྔགས་འོག་མས་དབུལ་ལ་ནང་པར་གཏོང་ངོའི་མཐའ་ཅན། མགོར། བླ་མ་དམ་པ་ལ་ན་མོ། །རྟག་གཏོར་མན་ངག་གདམས་པ་ནི། །ཞེས་ཡོད་པའི་རྟག་གཏོར་མན་ངག་ཚིགས་བཅད་མ། གསང་ཞིང་སྦས་པ་ཉིད་དུ་བྱ། །ཞེས་ཡོད་པའི་མཐའ་ཅན། ༧མགོར། འདིའི་མདུན་ན་ལྕགས་སྣོད་གྲུ་གསུམ། ཞེས་ཡོད་པའི་དྲག་པོའི་གཏོར་མའི་མན་ངག་གསང་ངོ་མ་སྤེལ་ཞིག་གི་མཐའ་ཅན། འདི་དཀར་ཆག་ན་མི་གསལ་བ་གོང་གི་འཕྲོས་ཡིན་ནམ་སྙམ། དངོས་གཞི་བསྙེན་པའི་སྐབས་སུ་སྔགས་བྱང་ལ། གྲོང་ཁྱེར་བསྐྱོད་པ། སྔགས་རིང་། སྔགས་ཐུང་། འཁོར་ལོའི་སྔགས། སྦགས་སྒྲུབ་སོ་སོར་