R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༨བ
[A:༤༥༨བ]ཕྲལ་བ་རྣམས་ཀྱི་སྔགས་ཕྲེང་མཆན་བུར་བཅས་པ་
(སྒོ)
(བློ)
(a)
སྔགས་བཏུའི་གཞུང་དང་ཐེམས་ཡིག་ས་པཎ་གྱི་ཕྱག་བྲིས་དང་མཐུན་པར་བླ་མའི་གསུང་རྒྱུན་བཞིན་སྔགས་འཆང་མ་ཏིས་ཞུས་དག་པ། སྔགས་རིང་མཆན་བུར་བཅས་པ།
(སྒོ)
(ཉི)
སྔགས་ཀྱི་དཔེ་རྙིང་དག་པ་དང་ཐེམས་ཡིག་ནས་བྱུང་བ། སྔགས་རིང་མཆན་བུར་བཅས་པ་པཎ་ཆེན་ནགས་རིན་གྱིས་ཞུས་དག་པ། དེའི་ཞལ་སློབ་པུཎྱེ་བི་ཛ་ཡ་ཨིནྡྲ་སེ་ནས་
པཎ་ཆེན་བྱམས་པ་གླིང་པའི་མཚན།
སླར་ཡང་ཞུས་དག་པ། སྔགས་བྱང་གསུམ་པོ་དཀར་ཆག་ཏུ་སྔགས་བྱང་ཞེས་པ་ལས་སོ་སོའི་གསལ་ཁ་མི་འདུག །མགོར། ཨོཾ་སྭ་སྟི་སིདྡྷ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྔགས་ཐེམས་བསྟན་པ་ལ། །ཞེས་ཡོད་པའི་སྔགས་ཀྱི་ཐེམས་ཡིག་
(ཨེ)
(སྒོ)
(བློ)
(ཉི)
ཞིབ་མོ་འདི་རྣམས་ཤིན་ཏུ་གཅེས་པས་མཁས་པ་གལ་ཆེ། ས་མཱཔྟ་མི་ཐིའི་མཐའ་ཅན།
རྫོང་པོད་ནའང་ཡོད།
༧མགོར། བླ་མ་ལ་ན་མོ། སྔགས་ཀྱི་ཐེམས་ཡིག་ལ་འབྲུ་བྱ་བ་ཚེག་བར་བགྲང་ཞེས་ཡོད་པའི་སྔགས་ཀྱི་ཐེམས་ཡིག་གསལ་བྱེད་བདག་ཆེན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་པ། བླ་མའི་མན་ངག་གི་རྗེས་སུ་