R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༩བ
[A:༤༥༩བ]ཐུན་རྣམས་ཞེ་སྡང་འབར་བའི་ཞེས་ཡོད་པའི་
(ཨེ)
སྒྲུབ་པའི་རྟགས་ཀྱི་ཡི་གེ །གོས་རྡེབ་དམོད་མོ་བརྗོད་པའི་མཐའ་ཅན།
རྫོང་པོད་ན་ཡང་ཡོད།
༧མགོར། བྱ་རོག་མི་འཁོར་ཉམས་གྲིབ་ཆེ། །ཞེས་ཡོད་པའི་
(ཨེ)
(ཉི a)
གཏོར་ལེན་བྱ་རོག་བརྟག་པ་ཚིག་རྐང་དྲུག་མ། སྒྲུབ་པ་སྐྱོར་གྱི་མཐའ་ཅན།
རྫོང་པོད་ན་ཡང་ཡོད།
༧མགོར། ཏཱ་ར་ན་མོ། སྒྲུབ་པ་པོ་དག་གི་ཞལ་བཞི་པའི་འཁུ་ལྡོག་དང་ཞེས་ཡོད་པའི་འཁུ་
(སྒོ)
(བློ)
ལྡོག་དང་ཆོ་འཕྲུལ་མི་འབྱུང་ཞིང་ལས་མྱུར་དུ་སྒྲུབ་པའི་ཡི་གེ བསམ་པ་ནི་མན་ངག་དམ་པར་གསུངས་སོ། །འདི་སྤེལ་བ་ནི་ཉི་མོའི་སྐར་མ་ཙམ་མོའི་མཐའ་ཅན། ༧མགོར། རྩ་བའི་འཁོར་ལོ་ནི་རྩིབས་དྲུག །ཅེས་ཡོད་པའི་རྩ་བ་
(ཨེ)
(སྒོ)
དང་གནད་འབེབས་དང་ལས་ཚོགས་ཀྱི་འཁོར་ལོ་ཞལ་གདམས། སྡིག་པའི་ས་བོན་བྱེད་པས་གསུང་ངོའི་མཐའ་ཅན།
འདི་རྫོང་པོད་ནའང་ཡོད། ངོར་ལུགས་ན་འདི་གའི་ནང་གི་རབ་གནས་དེ་ཟུར་དུ་ངོས་འཛིན་མཛད་པ་ཡིན།
༧མགོར། ཐུན་མོང་མ་ཡིན་པའི་གདམས་པ་འདི་ཡིན་ཏེ། ཞེས་ཡོད་པའི་འཁོར་ལོ་དང་ལིང་ཚེ་དང་ལངྒིའི་
(སྒོ)
(བློ)
ཞལ་ཤེས་རྣམ་སྨིན་ཆེ་བས་གཞན་ལ་མ་སྤེལ་གསང་བར་བྱའོའི་