R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༦༠ན
[A:༤༦༠ན]མཐའ་ཅན།
འདི་རྫོང་པོད་ན་བཞུགས་ཤིང་འཁོར་ལོ་དང་ལིང་གའི་ཞལ་གདམས་ཆོས་ཚན་ལོགས་སུ་མཛད་འདུག །
༧མགོར། མན་ངག་འདིའི་འཁོར་ལོ་བྲི་བར་འདོད་ན། ཞེས་ཡོད་པའི་འཁོར་ལོ་བྲི་ཐབས།
(སྒོ)
(ཉི)
(a)
གང་བསྒོ་བ་དེ་ངེས་པར་འགྲུབ་གསུངས་པའི་མཐའ་ཅན།
རྫོང་པོད་ནའང་ཡོད་ཅིང་གོང་དཀར་གླེགས་བམ་ཉིས་ལྡབ་འདུག །
༧མགོར། ས་ཨི་ཡཾ་ཡོད་པའི་འཁོར་ལོའི་སྔགས་བྱང་
(སྒོ)
ཙཀྲ་ལ་བྲི་གསུང་ངོའི་མཐའ་ཅན། ༧མགོར། འཁོར་ལོའི་སྐབས་སུ་རྩིབས་དྲུག་དང་ཞེས་ཡོད་
(སྒོ)
པའི་འཁོར་ལོའི་སྔགས་བཀོད་ཚུལ་སྔགས་རིང་རྫོགས་པར་བྲི་གསུང་ངོའི་མཐའ་ཅན།
རྫོང་པོད་ནའང་ཡོད།
བསྙེན་སྒྲུབ། སྲིའུ་ཤྭ་བཟློག །གཏད་ལིང་། གཏོར་ལིང་། རྟ་ཕྱུགས་གསོད་པ་སོགས་ལས་ཚོགས་འགའ་ཟུང་གི་འཁོར་ལོའི་མན་ངག་དེ་རྗེས་ལིངྒ་ལའོའི་མཐའ་ཅན།
འདི་རྫོང་པོད་ནའང་བཞུགས་ཤིང་ཡང་གསང་ཐུགས་ཀྱི་ཉིང་ཁུ་ཟེར།
༧ལས་སྦྱོར་སྐབས་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མ་ཧཱ་ཀཱ་ལའི་གསང་སྔགས་
(ཨེ)
(སྒོ)
(ཉི)
(a)
ཐུང་བ་ཞེས་ཡོད་པ་རྫོགས་སོའི་མཐའ་ཅན། ༧མགོར། གསང་སྔགས་རིང་བ་ནི། ཞེས་ཡོད་