R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༦༦བ
[A:༤༦༦བ]ལས་ཀྱི་རྒྱལ་པོ་ཞེས་པ་ཚིགས་ལྷུག་པའི་དཔལ་ལྡན་ནག་པོ་མ། ཁའུ་པས་མཛད་པའི་དམོད་བསྐུལ་ལོ་སྟོན་ཐིག་ལེ་ལ་གནང་བ་ཚིགས་ལྷུག་དཔལ་ལྡན་མ་ཧཱ་ཀཱ་ལ་རྣམས་སོ། ། དེའང་དཀར་ཆག་ཏུ། སྙན་བརྒྱུད་ཁྲག་མཚོའི་ལྗོངས་ནས་འོངས། །མངོན་སྤྱོད་སྦྲུལ་གདུག་ཁ་རླངས་ཅན། སྲོག་གི་མཐར་བྱེད་འདི་མཐོང་ཚེ། །བསྟན་དང་བསྟན་འཛིན་ལ་འཁུ་བའི། །མི་དང་མི་མིན་གང་ཅིའང་རུང་། །བག་ཡོད་དུས་ལ་བབས་མིན་ནམ། །ཞེས་གསུངས་པར་དཔགས་ན་ཕྱི་སྒྲུབ་ཡིན་པ་རྒྱུ་མཚན་དུ་བྱས་ནས་སྣོད་མ་བརྟགས་པར་བབ་ཆོལ་དུ་འཆད་པའང་མི་རུང་བར་མངོན་ནོ། ། ༈ གཉིས་པ་ནང་རྡོ་རྗེའི་ལུས་ལ་གནད་བསྣུན་པ་གསང་བའི་མན་ངག་ལ། རྩ་བའི་ཡི་གེ་ཚིགས་བཅད་མ་
(གློ)
བླ་མའི་མན་ངག་བཞིན་གབ་དཀྲུགས་མེད་པ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། ཡིག་རྙིང་འདི་ལྟ་བུ་ཡོད་པ་མིག་དང་རྣ་བའི་ཡུལ་དུ་མ་གྱུར་བར་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོས་ཚར་ཆེན་གྱིས་གུར་མགོན་གྱི་ཁྲིད་ལས་དཔེ་བླངས་པའི་རང་བཟོ་ཡིན་ཞེས་ངན་སྨྲས་ཀྱི་ཐན་སྐད་ཕྱོགས་བརྒྱར་སྒྲོག་པ་ནི་རང་གི་ནང་ཆ་གསལ་བར་བསྟན་པའོ། །ཞེས་རྒྱལ་དབང་ལྔ་པ་ཆེན་པོས་གསུངས་སོ། ། གསང་སྒྲུབ་