R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༠བ
[A:༤༧༠བ]ཆེན་ཆོས་ཀྱི་རྒྱལ་པོས་ཕོ་བྲང་ཏཱའི་ཏུའི་ཧཱེའི་སྡེ་ཆེན་པོར་སྦྱར་བ། མགོན་པོ་ཞལ་བཞི་པ་དཀར་པོའི་ཚེ་སྒྲུབ་ཟླ་བའི་ཆུ་རྒྱུན་
(ལྡོང་)
རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེས་མཛད་པའི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འཆང་དབང་མ། རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོས་གཉན་ལོ་བོད་དུ་འབྱོར་ཁར་འགྲོ་ཆོས་སུ་གནང་བའི་
(࿅)
(a)
བྲམ་ཟེར་དམོད་པའི་སྲོག་མཐུ་
འདི་ཕྱི་བྲམ་ཟེ་ལྟར་སྒྲུབ་པའི་མན་ངག་ཡིན་ནམ་སྙམ།
དགྲ་བགེགས་སྲོག་གི་བཤན་པ་དམར་པོ་སྙིང་ཁྲག་ཐང་ལ་ཕོ་ཞིག་ས་མ་ཡ་ན་ར་ཀན་གྱི་མཐའ་ཅན།
ངན་སྔགས་དགྲ་སྲོག་གི་སྤྲུ་གྲི་དམར་པོ་ཡང་ཟེར།
ལམ་བར་གྱི་ཆོམ་རྐུན་བརྟགས་པའི་ཕྱིར་དུ་གདོང་བཞི་པའི་བཀའ་སྡོད་དྲང་སྲོང་ནག་པོའི་པྲ་སེ་ན་དབབ་པའི་མན་ངག །མཁར་ནག་དགེ་བཤེས་ནས་བརྒྱུད་པ་ཤིན་ཏུ་གསང་བ་གལ་ཆེའོའི་མཐའ་ཅན། དེའི་ཞལ་ཤེས་སྙིང་གི་དཀྱིལ་དུ་ཆོངས་ཀྱི་མཐའ་ཅན། བླ་མ་གཉན་བོད་དུ་འབྱོན་ཁར་མགོན་པོས་ལུང་བསྟན་པ་ལ་བརྟེན་ནས་ཞུས་པའི་ཙཏུརྨུ་ཁའི་ཆོ་འཕྲུལ་
(࿅)
(a)
ཐན་འགྱེད་གཉན་གྱི་མགུལ་ཁུག་མར་གྲགས་པ་ཆིག་བརྒྱུད་སྙིང་གི་དུམ་བུ་བཀའ་རྒྱ་དང་བཅས་པ་Jའི་མཐའ་ཅན། མགོར། ཌཱ་ཀི་མ་