R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༡ན
[A:༤༧༡ན]བཞི་ཞེས་ཡོད་པའི་ཡུམ་ཆེན་བཞིའི་མཐའ་ཅན་
(࿅)
(a)
འགྱེད་གཉན་གྱི་མགུལ་ཁུག་བཀའ་རྒྱ་མ་ས་མཱཔྟ་མི་ཐིའི་མཐའ་ཅན། མགོར། ཏཱ་ར་ན་མོ། རྣལ་འབྱོར་པ་མཚན་མ་ཐོབ་ནས། ཞེས་ཡོད་པའི་གཉན་
(࿅)
(a)
མགོན་གྱི་པར་བུའི་ཆོ་གའི་མན་ངག་ཞལ་གདམས་བཀའ་བརྒྱ་མ་Jའི་མཐའ་ཅན། མགོར། ཏཱ་ར་ན་མོ། མགོན་པོའི་ནོར་སྒྲུབ་ནི། ཞེས་ཡོད་པའི་གཉན་མགོན་ལྷ་དགུའི་སྒྲུབ་
(࿅)
(a)
ཐབས་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཀུན་ལ་མ་གྲགས་པའི་སྙིང་གི་ཁྲག་ལྟ་བུ་ཤིན་ཏུ་གསང་རྒྱའི་མཐའ་ཅན། མགོར། ཏཱ་ར་ན་མོ། རྫས་ཀྱི་སྦྱོར་བ་ཞེས་ཡོད་པའི་རྫས་ཀྱི་སྒོ་ནས་དགྲ་གསོད་པའི་ལས་སྦྱོར་བླ་མའི་ཞལ་ལས་ཤེས་སོ། །ས་མཱཔྟ་མི་ཐིའི་མཐའ་ཅན། མགོར། ཏཱ་ར་ན་མོ། གཏད་བྱ་བ་ནི། ཞེས་ཡོད་པའི་རྡོ་ནག །
(࿅)
(a)
ཡིག་དམར་གྱི་སྒྲུབ་མཐུ་གསེར་ཞོ་རེའི་བཀའ་རྒྱ་ཡོད་པ་ས་མཱཔྟ་མི་ཐིའི་མཐའ་ཅན། མགོར། ཁང་སེལ་ཞིང་སེལ་ལ། ཞེས་ཡོད་པའི་ཁང་སེལ་ནག་པོ་ཟླ་ཕྱེད་ཚུན་ལ་འཇིགས་པ་སྭཱ་ཧཱ་སྔགས་སོ་Jའི་མཐའ་ཅན། མགོར། ཞལ་བཞི་པའི་མན་ངག་ལ། དགྲ་གློ་བུར་ཞེས་ཡོད་པའི་