R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༡བ
[A:༤༧༡བ]དགྲ་བོ་ཟླ་བ་གཅིག་ལ་གསོད་པ་
(གློ)
མཛེ་ཕོ་ནག་པོའི་མན་ངག་འདི་ཀ་ལ་གསོད་Jའི་མཐའ་ཅན། དགྲ་བོ་ཀླུ་ལ་གཏོད་པ་རེག་པས་ཆོག་པ་དྲག་པོའི་བཙན་དུག་གཏད་ཁྲམ་གྱི་ཡང་སྙིང་གཉན་གྱི་ནཱ་ག་སྟོབས་འཕྲོག་ཏུ་གྲགས་པ། མགོར། ན་མོ་གུ་རུ། མོན་པ་ཞེས་ཡོད་པའི་མོན་པ་ནག་པོ་ནོར་ཤོར་གྱི་མན་ངག་
འདི་བརྩེགས་ཞལ་གྱི་ལས་ཚོགས།
རྒྱ་གར་ནས་བོད་དུ་བྱོན་པ་ལ་འདི་ལས་ཟབ་པ་མེད་དོ། །རྟགས་ཐོན་པར་ཡིད་ཆེས་པར་གྱིས་ཤིག་གི་མཐའ་ཅན། དར་ལུང་གི་བྲག་སྤྲེའུ་དམར་འཛིང་འདྲ་བའི་རྨང་དུ་བླ་མ་གཉན་གྱིས་སྦས་པ་ཁའུ་པས་བཏོན་པའི་ཟངས་ཁབ་དམར་པོའི་བསད་ལས་ཁར་ལྕེ་མྱུག་གེ་བྱའོའི་མཐའ་ཅན།
གདོང་བརྙན་ཅན་ལ་བརྟེན་པ།
མགོར། དཔལ་རྗེ་བཙུན་སྟོབས་འཕྲོག་ནག་པོ་ལ་ཕྱག་འཚལ་ལོ། །བླ་མ་གཉན་ལོ་ཙཱ་བ་ཞེས་ཡོད་པའི་སྲེག་བྱེད་མེ་ཡི་སྦྱོར་བ་བླ་མ་ཁའུ་པ་ཆེན་པོའི་གསུང་བཞིན་ཡི་གེར་བཀོད་པ་ལ། ནག་པོ་ཆེན་པོ་བཟོད་པར་མཛོད་ཅིག །ས་མཱཔྟ་མི་ཐིའི་མཐའ་ཅན། མགོར། ཨོཾ་སྭསྟི་སིདྡྷ། དཔལ་མགོན་པོ་ཞལ་བཞི་པའི་ཞལ་གྱི་གདམས་པ་བསྟན་པ་ནི། ཞེས་ཡོད་པའི་བཙུན་པའི་མཐར་ཐུག་སྡེག་པ་ནག་པོའི་འཕྲུལ་འཁོར་གྱི་ལས་ཚོགས་གཙོ་འཁོར་གསུམ་བསྒོམ་མོའི་མཐའ་ཅན།