R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༢བ
[A:༤༧༢བ]ཞེས་ཡོད་པའི་སྤྲུ་གྲི་སོ་འདེབས་ཀྱི་གདམས་
(ལྡོང་)
པ་རྣལ་འབྱོར་དབང་ཕྱུག་ཡར་་ཀླུང་པའི་ཟབ་ཆོས་གཞན་ལ་མི་སྟེན་པའི་བཀའ་རྒྱ་དམ་པོ་ཡོད་དོའི་མཐའ་ཅན། མགོར། ཏཱ་ར་ན་མོ། ཙཏུ་རྨུ་ཁའི་རང་སྲུང་གནད་ཀྱི་འཁོར་ལོ་ཞེས་ཡོད་པའི་རང་སྲུང་ཕྲ་མོ་ཡིད་བཞིན་འཁོར་ལོའི་ཞལ་གདམས་གཅིག་ལས་མང་བར་མི་སྤེལ་གསུང་ངོའི་མཐའ་ཅན། མགོར། ན་མོ། བླ་མའི་ཞལ་ནས་སྤྱིར་འདི་ལ་ཞེས་ཡོད་པའི་རྟེན་གྱི་ཞལ་གདམས་ཕྱི་ནང་གཉིས་ཀ་ལ་རྩུབ་གསུང་ངོའི་མཐའ་ཅན། མགོར། ན་མཿ གཏོར་མ་བཞི་ཞེས་ཡོད་པའི་གཏོར་མའི་ཞལ་གདམས་མཐའ་ཡས་པ་བྱའོའི་མཐའ་ཅན། མགོར། བླ་མ་དང་མ་ཧཱ་ཀཱ་ལ་ལ་ན་མོ། སྙིང་དང་འདྲ་བའི་སློབ་མ་གཅིག་ཅེས་ཡོད་པའི་སྔགས་ཀྱི་ཞལ་གདམས་སྔགས་སྒྲིགས་ས་མཔྟ་མི་ཐིའི་མཐའ་ཅན། མགོར། ཤྲཱི་མ་ཧཱ་ཀཱ་ལ་པཱུ་ཛེ་ཏ། ཞེས་ཡོད་པའི་སྔགས་ཀྱི་ཞལ་གདམས་རྣམ་འགྱུར་འདི་ཚོ་བག་ཐུང་བ་ཡིན་ནོའི་མཐའ་ཅན།
དཀར་ཆག་ན་འདི་གོང་གི་ཁོངས་སུ་བསྡུས་པ་ལས་ཟུར་ན་མི་གསལ།
དགྲ་བགེགས་བསད་པ། གཞན་སྲུང་བ། རང་སྲུང་བའི་འཁོར་ལོའི་ཞལ་གདམས་རྡོ་རྗེ་འཛིིན་པ་ཤྲཱི་ཝན་མ་ཏིས་བསམ་གླིང་དགོན་པར་བྲིས་པ། དེའི་ཞར་བྱུང་མགོར། བླ་མའི་ཞལ་ནས་འབོད་རྦད་བསད་གསུམ་ཞེས་ཡོད་པའི་