R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༣ན
[A:༤༧༣ན]རང་སྲུང་གི་ཡི་གེ་མན་ངག་དངོས་སུ་བཀོད་པའོའི་མཐའ་ཅན། རྣམས་སོ། །
འདི་དཀར་ཆག་ཏུ་མི་གསལ་བ་གོང་གི་ཁོངས་སུ་བསྡུས་སམ་སྙམ།
དེ་ཡང་དཀར་ཆག་ཏུ། སྔོན་ཆད་གསང་གངས་རིའི་ལྗོངས་འདིར་མ་གྲགས་པར། །སྔོན་གྱི་མཁས་གྲུབ་གཉན་ལོའི་ཐུགས་བཅུད་འདི། །བདག་གི་འདྲེན་མཆོག་ཀུན་སྤངས་ཆོས་རྗེ་ལས། །གཞན་ན་ཡོད་མེད་གཟུ་བོའི་བློས་ལྟོས་ཤིག །འདི་ལྟའི་མན་ངག་སྙིང་ཁྲག་ཞུན་མ་འདི། །སྤེལ་བའི་གནས་མེད་བསེ་བྲག་དམར་པོར་སྦོས། །ཅིས་ཀྱང་སྤེལ་ན་སྣོད་ལྡན་གཅིག་ཉིད་ལ། །བཀའ་རྒྱས་ཐོབ་ལ་མགོན་པོ་དཔང་དུ་ཚུགས། །ཞེས་འབྱུང་བ་ལྟར། ས་བཅད་གསུམ་པའི་སྐོར་འདི་ཁའུ་བྲག་རྫོང་པའི་བརྒྱུད་འཛིན་རྣམས་ལས་ཀུན་ལ་མ་གྲགས་པའི་ཟབ་ཅིང་གཉན་པས་སྣོད་དང་ལྡན་ངེས་ལ་ཆོས་སྐྱོང་དཔང་དུ་བཙུགས་ནས་སྟོན་དགོས་པའི་ཚུལ་འདི་སྙིང་གི་དཔལ་བེའུར་བཅང་བར་བྱའོ། ། ཞར་བྱུང་དཔེ་བྲིས་ཀྱི་སྐོར་ལ། གཏུམ་པོ་རང་སྲུང་གི་འཁོར་ལོ་རྩིབས་དྲུག་པ། ཆུང་བ་གྲི་གུག་མ།
འོག་གི་འཁོར་སྲུང་བའི་དཔེ་རིས་ཀྱང་དབྱིབས་འདི་དག་ལ་འབྲི་ཚུལ་གྱི་ཁྱད་པར་ཅུང་ཟད་ཡོད།
རང་སྲུང་ཕྲ་མོ་ཡིད་བཞིན་འཁོར་ལོའི་དཔེ་བྲིས་རྒྱས་འབྲིང་བསྡུས་གསུམ།
འདི་གསུམ་གྱི་དབྱེ་བ་ཞལ་ལས་ཤེས་