R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༥བ
[A:༤༧༥བ]མཁའ་འགྲོ་འཁུ་ལྡོག་སྤང་བ་དང་བཅས་སྟོན་པའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། མངོན་སུམ་ཉིད་དུ་འགྲུབ་པའི་ལས་མཛོད་ཅིག་གི་མཐའ་ཅན།
འདིའི་མགོའི་མཆོད་བརྗོད་ལ་བདག་ཆེན་རྡོ་རྗེ་འཆང་གི་མཚན་སྤེལ་ཡོད་པ་དེ། རྡོ་རིངས་རིན་པོ་ཆེའི་གསུང་ཡིན་པ་འདྲ་ཞེས་ཡིག་ཆར་སྣང་ངོ་།
མགོར། རྡོ་རྗེ་འཆང་དབང་རྩ་བའི་བླ་མ་དང་། །ཞེས་ཡོད་པའི་བརྒྱུད་འདེབས་
(གླང་)
ཀྱི་ལོ་རྒྱུས་ཟུང་ལྡན་གྱི་རྒྱན་དང་བཅས་པ་བདུད་རྩིའི་འོད་ཅན་ཞེས་བྱ་བ་རྡོ་རྗེ་འཆང་ཚར་པ་བློ་གསལ་རྒྱ་མཚོས་ཁའུ་བྲག་རྫོང་ནག་པོར་མཛད་པ། དེས་མདོ་ཁམས་པ་དབོན་པོ་དཔལ་གྲུབ་དང་བསོད་ནམས་མཆོག་གྲུབ་གཉིས་ཀྱིས་བསྐུལ་བ་ལྟར་ན་ལེནྡྲར་
(ལྡོང་)
(a)
མཛད་པའི་རྡོ་རྗེ་ནག་པོ་སྟོབས་འཕྲོག་དབང་པོ་གདོང་བཞི་འཁོར་བཅས་ཀྱི་རྗེས་གནང་དངོས་གྲུབ་རྒྱ་མཚོ། བསྐུལ་བ་པོ་དང་མཛད་པ་པོ་གོང་ལྟར་གྱི་དཔལ་སྟོབས་འཕྲོག་དབང་པོ་གདོང་བཞི་པ་སྒྲུབ་
(ཏ)
དུས་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་ཆིག་བརྒྱུད་གསེར་ཆོས་ཀྱི་ཡི་གེ་ཆུང་། སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་གྱི་རྗེས་གནང་གི་ཁོག་ཕུབ་བསྙེན་དུས་སྒྲུབ་དུས་ཐུན་མོང་མ་ཡིན་པ། དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པ། དམར་པོ་དབང་སྡུད། སེར་པོ་རྒྱས་བྱེད་ལྷ་དགུ། སྔོན་