R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༦ན
[A:༤༧༦ན]པོ་བགེགས་འཇོམས་དང་བཅས་པ་རྣམས་གསུམ་ཐོ་ཡིག །
(ངག)
མུན་སེལ་སྒྲོན་མེ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། དེས་རྩེ་གདོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་གྲྭར་མཛད་པའི་དཔལ་མགོན་གདོང་བརྙན།
(འབུམ)
(ངག)
ཅན་གྱི་རྗེས་གནང་གོ་བདེ་བཀླགས་ཆོག་ཏུ་བཀོད་པ། མགོར། ཏཱ་ར་ན་མོ། འདི་ཆིག་བརྒྱུད་མ་གཏོགས་ཡེ་མི་བྱེད་དོ། །ཞེས་ཡོད་པའི་གནད་དབབ་
(ཨཱ)
ཀྱི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་མངོན་རྟོགས་རྗེས་གནང་གི་ཡི་གེ་དཀྱུས་དང་འདྲའོའི་མཐའ་ཅན་ཚར་ཆེན་གྱི་གསུང་ངོ་། །དེའི་གསུང་མགོར། ཏཱ་ར་ན་མཿ བྲམ་ཟེ་མངགས་པའམ་བྲན་དུ་གཏད་པ་ཞེས་ཡོད་པ་བྲམ་ཟེ་ནག་པོ་སྔགས་གཏད་ཀྱི་རྗེས་གནང་
(བྲཾ)
འཆོལ་པར་སྤྱད་ན་དམ་ཚིག་ཉམས་པ་ཆེན་པོར་འགྱུར། །དེ་བས་གསང་ཞིང་སྦ་བར་བྱའོའི་མཐའ་ཅན། མགོར། ཨོཾ་སཱསྟི། རྡོ་ནག་པོ་མི་གཅིག་གིས་ཐེག་མི་ཐེག་ཅེས་ཡོད་པའི་སྒྲུབ་དུས་ཀྱི་ལས་ཁྲིགས་གསལ་བྱེད་ཀྱི་ཡི་གེ་སྙིང་པོ་སྤེལ་བའི་མན་ངག་དམ་པོའོའི་མཐའ་ཅན། དཔལ་མགོན་གདོང་བཞི་པའི་གཏོར་མ་ཞི་བ་དམ་ཚིག་སྐོང་བའི་གཏོར་སྐྱོང་དང་གཏོར་