R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༦བ
[A:༤༧༦བ]མའི་ལས་ཙམ་གྱིས་དགྲ་བགེགས་འདུལ་བའི་ཚེ་བྱ་བ་དྲག་པོ་གཏོར་ཆེན་གྱི་ཚུལ་ལྷན་ཅིག་ཏུ་གསལ་བར་སྟོན་པའི་ཆོ་ག་གནམ་ལྕགས་
(࿅)
འབར་བ་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། མགོར། ཨོཾ་སྭསྟི། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་ཞེས་ཡོད་པའི་ཞལ་བཞི་པའི་དམ་ཚིག་བསྐང་གསོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་
(ཀུ)
རྒྱུན་ཕྱག་ལེན་མ་འདར་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་ཟིན་བྲིས་སུ་མཛད་པ་ནག་པོ་ཆེན་པོ་མཆེ་བ་ཅན་སོགས་ཀྱི་བསྐུལ་བྱའོའི་མཐའ་ཅན། མགོར། ཨ་མྲ�་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཞེས་ཡོད་པའི་རྡོ་རྗེ་ནག་པོ་ཆེན་པོ་སྟོབས་འཕྲོག་དབང་པོའི་གཏོར་མ་དྲག་པོའི་ཆོག་བསྒྲིགས་
(࿅)
ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱིས་མཛད་པ་གནོད་བྱེད་ཚར་བཅད་པར་བསམ་མོའི་མཐའ་ཅན། དཔལ་མགོན་ཞལ་བཞི་པའི་གཏོར་ཆེན་
(࿅)
འཆམས་ཡིག་མཐུ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། དེས་མཛད་པའི་གཏོར་ཆེན་གྱི་རྔ་བརྡུང་བསྟན་པ་ནི། ཞེས་ཡོད་པའི་གཏོར་ཆེན་འཆམས་
(࿅)
ཡིག་གི་