R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༨ན
[A:༤༧༨ན]བཤུས་པ། དཔལ་མགོན་གདོང་བཞི་པའི་ཐེབས་བཟློག་བརྩི་བའི་མན་ངག །
(ས)
རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ།
(ས)
མགོར། ན་མོ་ཙཏུརྨུ་ཁ། སྒབ་ཆད་དང་གཞོག་དྲུད་དང་ཞེས་ཡོད་པའི་དཔལ་འབར་གྱི་མེ་པྲ་བརྟག་པ་ཁའུ་པས་གནང་བའི་མཐའ་ཅན། མགོར། སྐྱབས་མེད་སྐྱོབས་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་པའི་ཁང་པ་དབེན་པ་རུ། །ཞེས་ཡོད་པའི་མེ་པྲ་དང་། དུ་བ་བརྟགས་པ། ཞལ་ལས་ཤེས་པར་བྱའོའི་མཐའ་ཅན། མགོར། ཏཱ་ར་ན་མོ། མེ་པྲ་འདི་ཡི་བཟང་པོའི་རྟགས་བཞི་ཞེས་ཡོད་པའི་མེ་པྲ་བརྟགས་པ། མངོན་ཤེས་སུ་འགྱུར་རོའི་མཐའ་ཅན། དཔལ་འབར་
(དབང་)
པྲ་རྟགས། བ་ལེན་པྲ་
(དབང་)
རྟགས་རྣམས་སོ། ། གཉིས་པ་གསང་སྒྲུབ་ཀྱི་སྐོར་ལ། དཔལ་མ་ཧཱ་ཀཱ་ལ་ཞལ་བཞི་པའི་གསང་སྒྲུབ་ཀྱི་རྣམ་བཤད་གསལ་བར་བྱེད་པ་སྙིང་གི་ཡང་ཐིག་ཅེས་
(ས)
(གླང་)
བྱ་བ་རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོས་ཁའུ་བྲག་རྫོང་ནག་པོའི་རུ་འདྲེན་གྱི་ཕོ་བྲང་སུམ་ཅུ་རྩ་གསུམ་དུ་མཛད་པ། དེས་མདོ་ཁམས་པ་