R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༨བ
[A:༤༧༨བ]ལྕགས་སྒོམ་ཆོས་རྗེའི་གསུང་ཇི་ལྟ་བ་བཞིན་
(གླང་)
མཛད་པའི་མགོར། བླ་མ་མཆོག་དང་ཡི་དམ་ལྷ། །ཞེས་ཡོད་པའི་གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཐོ། དེས་མཛད་པའི་ཞིང་སྐྱོང་གདོང་བཞི་པའི་གསང་ཁྲིད་ཀྱི་སྔོན་འགྲོ་རྣམ་པ་བཞིའི་ཁྲིད་ཉམས་ལེན་གྱི་སྙིང་པོར་དྲིལ་བ་ཡིན་ནོའི་མཐའ་ཅན། ལྕགས་སྒོམ་ཆོས་རྗེའི་གསུང་བཞིན་དེས་དམ་པའི་གསུང་ངོར་བྲིས་
(གླང་)
པའི་ཞིང་སྐྱོང་དབང་པོའི་གསང་ཁྲིད་ཀྱི་སྐབས་སུ་འཁོར་ལོ་བཞི་ལ་བརྟེན་པའི་ལས་སྦྱོར་གྱི་གདམས་པ་སྙན་བརྒྱུད་མ། གོང་གི་འཕྲོས་མགོར། གསུམ་པ་ཙིཏྟ་དྷརྨ་ཙཀྲ་ཞེས་ཡོད་པའི་ཆེས་ཟབ་
(གླང་)
(ས)
ཡང་གསང་སྙིང་ག་ཆོས་ཀྱི་འཁོར་ལོའི་ལས་སྦྱོར་གྱི་ཡི་གེ །རྟགས་མྱུར་དུ་འབྱུང་བ་ནི་ངེས་པའོའི་མཐའ་ཅན། མགོར། གསུམ་པ་ལས་སྦྱོར་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྙིང་ག་
(གླང་)
(ས)
ཆོས་ཀྱི་འཁོར་ལོའི་ལས་སྦྱོར་སྙན་བརྒྱུད་ཞལ་ཞེས་ཁོ་ན་ཡིན་གྱི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་
(གླང་)
གྱི་ཕྱི་མའི་ཡང་ཡིག །མགོར། ལྷ་མོ་ནག་མོའི་གདམས་པ་ནི། རང་ཉིད་སྒྲུབ་