R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧བ
[A:༤༧བ]རྟ་མཆོག་ཞབས། བི་ན་སཱ་ད། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལཀྵྨཱིཀཱ་ར། ལི་ལ་བཛྲ། གུནྡྷ་རི་པ། པདྨ་བཛྲ། དྷརྨ་པ། བྷ་དྲ་པཱ་ད། གྲུབ་ཆེན་ཏོག་རྩེ་བ། བྷུ་ཥ་ཎ་པ། དྷ་མ་པ། ཀརྞ་པ། བི་ར་བཛྲ། བླ་ཆེན་འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག །ཞང་དགོན་པ་བ། དཔལ་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། འཇམ་མགོན་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཞཱ་ལུ་བ་ཆོས་རྗེ་སངས་རྒྱས་དཔལ་བཟང་། མུས་ཆེན་ནམ་མཁའ་དཔལ་བཟང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ། རྗེ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། གོང་མ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཡོངས་