R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༣བ
[A:༤༨༣བ]འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། འཇམ་དབྱངས་གནས་གསར་བ་ཆེན་པོས་ངག་དབང་ཀུན་དགའ་ལེགས་འབྱུང་། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། ཆོས་ཀྱི་རྗེ་དཀོན་མཆོག་གྲགས་པ།
འདི་གཉིས་ལུང་བརྒྱུད་ལས། རྗེས་གནང་གི་རིགས་ལ་ཀུན་བློ་ནས། ལྔ་རིག་ཀུན་བཀྲས་ལ་བརྒྱད་པ་འདི་རང་
ཡོངས་འཛིན་ཀུན་དགའ་རབ་རྒྱས། ལྔ་རིག་རྡོ་རྗེ་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། དཔོན་སློབ་བཟོད་པ་ཕུན་ཚོགས། མ་ཧཱ་ཀཱ་ལ་རཏྣ་བྷ་དྲ། རྡོ་རྗེ་འཆང་དྲགས་ཤུལ་ཕྲིན་ལས་རིན་ཆེན། གཟིམས་འོག་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ལའོ། ། ལུང་གི་བརྒྱུད་པ་ཡབ་རྗེ་ཀུན་རིན་ནས། གཟིམས་འོག་བསྟན་འཛིན་སྙན་གྲགས། བྱམས་པ་སྙན་གྲགས་ཐར་པ། གཟིམས་འོག་པ་བྱམས་པ་ཀུན་དགའ་བསྟན་འཛིན། བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་ལ་