R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༤ན
[A:༤༨༤ན]གནང་བ་སྟེ། འོག་མ་རྣམས་ལའང་རིགས་འགྲེའོ། ། ཡང་རྗེས་གནང་རྐྱང་པའི་བརྒྱུད་པ་ལུགས་གཅིག་ལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཀུན་མཁྱེན་བསོད་ནམས་སེང་གེ །རྗེ་རཏྣ་ཝརྡྷ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང་། ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་བཙུན་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་། རྡོ་རྗེ་འཛིན་པ་སངས་རྒྱས་རྒྱ་མཚོ། རྗེ་བླ་མ་གནས་གསར་བ་ཆེན་པོ། ས་ཆེན་ཀུན་དགའ་བློ་གྲོས། རྗེ་ཀུན་དགའ་རབ་རྒྱས། གྲུབ་དབང་བྱམས་པ་བསྟན་འཛིན། ལྔ་རིག་ཀུན་དགའ་བཀྲ་ཤིས་མན་འདྲ།
(གོང་)
ཡང་། རྗེས་གནང་རྐྱང་པའི་བརྒྱུད་པ་ལུགས་གཅིག་ལ། རྡོ་རྗེ་འཆང་དབང་རབ་ནས། མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་