R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༥བ
[A:༤༨༥བ]དབང་ཀུན་དགའ་ལྷུན་གྲུབ།
ཡང་བསྙེན་དུས་སྔགས་འཆང་ཡིག་སྟེང་ནས་བརྒྱུད་ལུགས་གཅིག་ལ། ཀུན་བློ་ནས། མུས་ཆེན་བསོད་ནམས་དཔལ་བཟང་། ཆོས་ཉིད་ཡེ་ཤེས་མན་འདྲ།
རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ། འཇམ་མགོན་གནས་གསར་བ་ཀུན་དགའ་ལེགས་འབྱུང་མན་འདྲ། ཡང་ན། བླ་ཆེན་ཀུན་དགའ་རྒྱལ་མཚན་ནས། རས་ཆེན་ནམ་མཁའ་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། རྗེ་བཙུན་བསོད་ནམས་ལྷུན་གྲུབ། ངག་དབང་མཆོག་ལེགས་རྡོ་རྗེ་མན་འདྲ། རྗེས་གནང་གི་ཡི་གེ་དངོས་གྲུབ་རྒྱ་མཚོ་ལ་སོགས་པ་ལྟར། སྒྲུབ་དུས་ཀྱི་རྗེས་གནང་། དཀར་ཆག་གི་ས་བཅད་དང་པོ་ཡོངས་རྫོགས། གསུམ་པའི་ནང་གི་ལྡོང་གི་རྟགས་ཅན། དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ལྡོང་གཡུང་དྲུང་ཅན་དང་བཅས་པའི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། གྲུབ་ཆེན་བྲག་ཕུག་པ་ཡན་གོང་གི་བསྙེན་དུས་དང་འདྲ་བ་ལས། དེ་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ།