[A:༤༨༦ན]འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དཀོན་མཆོག་གྲགས་པ། མཐུ་ཆེན་ཀུན་དགའ་རབ་རྒྱས་མན་འདྲ། ཡང་སྒྲུབ་དུས་ཀྱི་རྗེས་གནང་གི་བརྒྱུད་པར། རྨོར་ཆེན་རྡོ་རྗེ་འཆང་། ཁམས་སྟོན་སངས་རྒྱས་རྒྱ་མཚོ། འཇམ་མགོན་གནས་གསར་བ་མན་འདྲའོ། །
འདི་དག་ལ་སྤྱིར་རྗེས་གནང་སོ་སོའི་བརྒྱུད་པ་ནི། རང་གི་རྩ་བའི་བླ་མའི་བར་ཐ་དད་དུ་བཀོད་པ་ཇི་ལྟ་བ་བཞིན་ཡིན་ལ། ལུང་གི་བརྒྱུད་པ་རྣམས་ནི། དང་པོ་རྟགས་སོ་སོ་ལྟར་བརྒྱུད་པ་ཁོ་ན་ཡིན་ཡང་། ཕྱིས་སུ་གླེགས་བམ་ཕྱོགས་གཅིག་ཏུ་བསྡེབས་ཟིན་པ་ཚུན་ཆད་ལུང་གི་བརྒྱུད་པ་ཐ་དད་བགྲང་དུ་མེད་པར་བསྡོམས་ནས་གླེགས་བམ་དང་བེའུ་བུམ་གྱི་ལུང་ཐོབ་ཡུལ་གང་ཡིན་ལྟར་རྒྱུན་ཆགས་