R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༧བ
[A:༤༨༧བ]རིག་པ། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་མན་ཆད་འདྲ། གློའི་རྟགས་ཡོད་དོ་ཅོག་གི་ལུང་གི་བརྒྱུད་པ་ནི། རྡོ་རིངས་པ་ཆེན་པོ། རྗེ་གྲོལ་མཆོག །མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཀུའི་རྟགས་ཅན་གྱི་ལུང་བརྒྱུད་ནི། ཚར་ཆེན་རྡོ་རྗེ་འཆང་ནས། གཉན་སྟོན་སྤྲུལ་པའི་ཟློས་གར་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་བ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་བ་ཆེན་པོ་མན་འདྲ། དབང་གི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། ཚར་ཆེན་ནས། དབང་རབ། ཞྭ་ལུ་བ་མན་འདྲའོ། ། ངག་གི་རྟགས་ཅན་གྱི་བརྒྱུད་པ་ནི། ཚར་ཆེན་ནས། རྗེ་དབང་རབ། མཁན་ཆེན་ངག་ཆོས། ས་སྐྱ་པ་ཀུན་བསོད། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་མཁན་ཆེན་ཞྭ་ལུ་བ། བྱམས་པ་ངག་ལྷུན་མན་འདྲའོ། ། མུས་ཀྱི་རྟགས་ཅན་གྱི་བརྒྱུད་པ་ནི། ངོར་ཆེན་ནས། མུས་ཆེན་དཀོན་རྒྱན། སྤྱན་སྔ་དཀོན་རྒྱམ། མུས་ཆེན་སངས་རྒྱན། སྔགས་འཆང་ཀུན་བསོད་མན་འདྲའོ། ། ཉི་གཡུང་དྲུང་བཅས་པའི་རྟགས་ཅན་གྱི་ལུང་བརྒྱུད་ནི།