R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༨ན
[A:༤༨༨ན]མཁན་ཆེན་བསོད་ནམས་རྒྱལ་མཆོག་ནས། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡངས་ཅན་པ་ཤཱཀྱ་ཀུན་དགའ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། བླ་མ་བཛྲཾ་མ་ཏི། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། དེ་གཉིས་ཀ་ལས་པཎ་ཆེན་ཀུན་བཟང་རྩེ་པས་གསན། དེ་ལས་ཞྭ་ལུ་མཁན་ཆེན། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་བློ། ཆོས་རྗེ་དཀོན་མཆོག་གྲགས་པ། གྲུབ་དབང་ཀུན་དགའ་རབ་རྒྱས། ལྔ་རིག་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན་མན་གོང་ལུང་བརྒྱུད་དང་འདྲ། ཤིན་ཏུ་ཟབ་པའི་གདམས་པ་དཀར་ཆག་གིས་མ་ཟིན་པའི་ས་བཅད་གསུམ་པ་སྙིང་ཐིག་ཧ་ལ་ནག་པོ་མ་ཡིག་བུ་ཡིག་རྟགས་མེད་རྣམས་ཀྱི་ལུང་མན་ངག་ཕྱག་ཁྲིད་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་པ་ཆོས་ཀྱི་རྒྱལ་པོ་ནས། དྲུང་ཡིག་བྱམས་པ་དོན་གྲུབ། རྗེ་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་ལྷུན།