R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༣བ
[A:༤༩༣བ]གྲགས་པ། བྱམས་པ་ཀུན་དགའ་རབ་རྒྱས། མུས་ཆེན་ཆོས་ཉིད་ཡེ་ཤེས། ལྔ་རིག་ཀུན་བཀྲས། ཡབ་རྗེ་ཀུན་དགའ་རིན་ཆེན། འདི་མན་རྗེས་གནང་གི་བརྒྱུད་པ་དང་། ལུང་གི་བརྒྱུད་པ་སོ་སོར་དབྱེ་དགོས་པ་གོང་བཞིན་ནོ། ། ཡང་དཀར་ཆག་གིས་མ་ཟིན་པའི་
ས་བཅད་གཉིས་པའི་
རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་བརྒྱུད་གཅིག་ནི། རྨོར་ཆེན་རྡོ་རྗེ་འཆང་ཡན་གོང་ལྟར་ལ། དེ་ནས། རྗེ་སངས་རྒྱས་རྒྱ་མཚོ་མན་འདྲའོ། ། གསང་ཁྲིད་ཡིག་རྙིང་དང་བཅས་པའི་བརྒྱུད་པ་ལུགས་གཅིག་ལ། ཆོས་རྗེ་བླ་མ་དམ་པ་ནས། ཡར་ཀླུང་པ་སེང་གེ་རྒྱལ་མཚན། གཡག་ཕྲུག་བསྟན་པའི་ཉི་མ་སངས་རྒྱས་དཔལ། རོང་སྟོན་པ་ཤེས་བྱ་ཀུན་རིག །རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་མན་འདྲ་བ་ལས། རྡོ་རྗེ་འཆང་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་བརྒྱུད་པར་བཞུགས་པ་སོར་གནས་སོ། ། ཡང་སྲུང་འཁོར་ཚེ་གྲུབ་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི། ལྕགས་མོ་བཀྲ་ཤིས་སེང་གེ་ནས། ཁམས་སྟོན་བསོད་ནམས་དོན་གྲུབ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས། ས་ཆེན་ཀུན་བློ་བར་འདྲ། དེ་ནས་བྱམས་པ་རིན་ཆེན་རྒྱལ་མཚན། ཁྱབ་བདག་བྱམས་པ་བསྟན་འཛིན། ཆོས་ཉིད་ཡེ་ཤེས་མན་འདྲ།