[A:༤༩༣ན]ལྷུན་གྲུབ། སངས་རྒྱས་རྒྱ་མཚོ། གནས་གསར་བ། ཀུན་བློ། མཁན་ཆེན་དཀོན་མཆོག་གྲགས་པ། ཆོས་རྗེ་ཀུན་དགའ་རབ་རྒྱས། མུས་ཆེན་ཆོས་ཉི། ལྔ་རིག་ཀུན་བཀྲས། ཡབ་རྗེ་ཀུན་རིན། བཟོད་པ་ཕུན་ཚོགས། རཏྣ་བྷ་ཏྲ། དྲག་ཤུལ་ཕྲིན་ལས་རིན་ཆེན་མན་གོང་རྗེས་གནང་གི་བརྒྱུད་པ་དང་འདྲ།
ཕྱི་ནང་གི་སྲུང་འཁོར་འཆི་མེད་སྒྲུབ་པ་དང་། ཞར་བྱུང་ཟློག་པ་དང་བཅས་པ་ཕྱིའི་ཉམས་ཁྲིད། གསང་ཁྲིད་ཀྱི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་ཐོབ་པ། རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའི་ས་བཅད་གཉིས་པའི་སྐོར། དཀར་ཆག་གིས་མ་ཟིན་པའི་ས་བཅད་གཉིས་པའི་རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་རྣམས་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་བཤད་མ་ཐག་པའི་གསང་སྒྲུབ་ཀྱི་རྗེས་གནང་ལྟར་ལ། དེ་ནས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། དེ་གཉིས་ཀ་ལས་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་བློ། མཁན་ཆེན་དཀོན་མཆོག་