R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༥ན
[A:༤༩༥ན]ལྡན། དཔལ་ལྡན་སེང་གེ །རྗེ་དྷརྨ་རྐཱིརྟི། ལམ་འབྲས་པ་བློ་བཟང་། ཉ་དབོན་ཀུན་དགའ་དཔལ། བླ་མ་ལུང་རིག་རྒྱ་མཚོ། མཁན་ཆེན་སེངྒེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་དཔལ་བཟང་།
འདི་མི་བཞུགས་པའང་འབྱུང་།
ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ། གྲུབ་མཆོག་དབང་ཕྱུག་རབ་བརྟན། ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གྲུབ་དབང་བུདྡྷ་སཱ་ག་ར། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་དགའ་བློ་གྲོས། ལྔ་རིག་ཀུན་བཀྲས། ཡབ་རྗེ་ཀུན་རིན། བཟོད་པ་ཕུན་ཚོགས། བླ་མ་རིན་ཆེན་བཟང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན་མན་འདྲ། ཡང་དཀར་པོ་ཚེ་འཕེལ་ཐུན་མོང་བ་དང་། སེར་པོ་རྒྱས་བྱེད་ལྷ་ལྔའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་རབ་ནས། གླང་བུ་ཆོས་རྗེ།