[A:༤༩༥བ]མཁན་ཆེན་ཞྭ་ལུ་བ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གྲུབ་དབང་སངས་རྒྱས་རྒྱ་མཚོ། གནས་གསར་བ་མན་གོང་ལྟར་འདྲའོ། །
ཡང་ན་དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པའི་བརྒྱུད་པ་ལུགས་གཅིག་ལ། ཚེ་དབང་བཀྲ་ཤིས་ཡན་གོང་བཞིན་ལ། འབུལ་དབོན་རྣམ་རྒྱལ་བཀྲ་ཤིས། བླ་མ་ལྷ་དབང་བཀྲ་ཤིས། ཉི་མ་གླིང་པ། རིན་ཆེན་རྒྱ་མཚོ། མང་ཐོས་རྒྱ་མཚོ། སྟོབས་ལྡན་རྒྱ་མཚོ། འཇིགས་མེད་དབང་པོ། རིན་ཆེན་མ་ཏི། ཆོས་ཉིད་ཡེ་ཤེས་མན་འདྲ།
ཡང་ལས་བཞི་མགོན་པོའི་རྗེས་གནང་བརྒྱུད་ལུགས་གཅིག་ལ། ཚེ་དབང་བཀྲ་ཤིས་ཡན་འདྲ། དེ་ནས། མཁས་གྲུབ་རྣམ་རྒྱལ་རིན་ཆེན། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་མན་གོང་བཞིན། ནོར་སྒྲུབ་སེར་པོ་ལྷ་དགུའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་ཝ། པཎྜི་ཏ་ཤྲཱི་སིངྷ། ཨཱ་ཙརྱ། གཉན་ཆེན་དཔལ་དབྱངས། རྒྱ་གར་ཀཱ་མ་རུ་པ། གཉན་ལོ་ཙཱ་བ་དར་མ་གྲགས། གླང་བན་ག་རོད། རྟོགས་ལྡན་འཚོ་དཀར་བ། སྤྱན་སྔ་བསོད་