R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༧ན
[A:༤༩༧ན]ཅན་གྱི་ལུང་གི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ཡན་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་གི་ཞལ་ངོ་ནང་བརྒྱུད་ལྟར་ལ། དེ་ནས་བཞི་ཐོག་པ་བདག་ཆེན་ཀུན་དགའ་རིན་ཆེན། བཞི་ཐོག་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག །ཞྭ་ལུ་བ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་མན་འདྲ།
ལུང་བརྒྱུད་ཀུན་བློ་ནས། དཀོན་གྲགས། ཀུན་རབ་མན་གོང་བཞིན་ནོ། །
རྗེས་གནང་རྐྱང་པའི་བརྒྱུད་པ་ལུགས་གཅིག་ལ། ཚར་ཆེན་ནས། ཚེ་དབང་བཀྲ་ཤིས། ངག་དབང་སྨིན་གྲོལ་རྒྱ་མཚོ་ཡན་གོང་བརྩེགས་ཞལ་ཅན་བཞིན་ལ། དེ་ནས། ཡབ་རྗེ་ཀུན་རིན་མན་འདྲ། འཇམ་དབྱངས་མཁྱེན་བརྩེའི་ཟིན་ཐོ་ལ་བརྟེན་ནས། དཔལ་མགོན་ཁྱུང་ཞལ་ཅན་ནམ། དམག་དཔོན་མགོན་པོར་གྲགས་པའི་རྗེས་གནང་འབུམ་ཕྲག་གསུམ་པ་ནས་བརྒྱུད་པའི་ཞར་བྱུང་དུ་ཁྱུང་ཞལ་གསེར་གྱི་སྤུ་གྲིའི་སྐོར་