[A:༤༩༧བ]དང་། དཀར་ཆག་ཏུ་མ་ཟིན་པའི་ཤཱི་རྟགས་ཅན་གྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་ཝ། པཎྜི་ཏ་ཤྲཱི་ལ་སིངྷ། ཨཱཙརྱ་གཉན་ཆེན་དཔལ་དབྱངས། རྒྱ་གར་ཀཱ་མ་རཱུ་པ། གཉན་ལོ་དར་མ་གྲགས། གླང་བན་ག་རོད། རྟོགས་ལྡན་འཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས་པ། གཉགས་ཕུ་བ་བསོད་ནམས་བཟང་པོ། སེང་གེ་དཔལ་བ། དགེ་བ་རྒྱལ་མཚན། ཤེས་རབ་ཟླ་བ། རྗེ་རྡོ་རིངས་པ། སྦྱིན་པ་རྒྱ་མཚོ། ཚར་པ་ཆོས་རྗེ་མན་བསྙེན་དུས་ཀྱི་ཚར་ལུགས་ཞལ་ངོ་ནང་བརྒྱུད་བཞིན་ནོ། །ཡང་ན། མགོན་པོ་བསོད་ནམས་མཆོག་ལྡན། ཐུགས་སྲས་རིན་ཆེན་རྒྱ་མཚོ། བླ་མ་རྣམ་རྒྱལ་བཀྲ་ཤིས། གཉིས་ཀ་ལས་རྗེ་མང་ཐོས་རྒྱ་མཚོ་མན་གོང་གནད་དབབ་བཞིན་ནོ། །
གྲུབ་ཆེན་ཤོལ་པོ་ནས་བརྒྱུད་པའི་ཆོས་སྐྱོང་སེང་གེ་ནག་པོའི་རྗེས་གནང་གི་བརྒྱུད་པ་ནི། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་རྒྱལ་དབང་བཛྲ་དྷར། དཔལ་ཕྱག་ན་རྡོ་རྗེ། གཤིན་རྗེ་གཤེད། ནག་པོ་ཆེན་པོ། བྲམ་ཟེ་མཆོག་སྲེད། བྷ་སུ་རི་པ། རྡོ་རྗེ་གདན་པ། མི་འཁྲུལ་ཟླ་བ། དཔལ་ཏེ་ཕུ་དབང་ཕྱུག །སཱུརྱ་པ།