[A:༤བ]གཙོ་བོ་ཚེ་དཔག་མེད་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ། ཨ་མེས་ཞབས་ཀྱིས་མཛད་པའི་སྒྲུབ་དཀྱིལ་འཆི་མེད་དཔལ་སྟེར། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་འཆི་མེད་གྲུབ་པའི་ལམ་བཟང་དང་། སྔགས་འཆང་བླ་མས་མཛད་པའི་དབང་གི་མཚམས་སྦྱོར་རྣམས་གུང་བསྒྲིགས་པའི་སྟེང་ནས་སྨིན་བྱེད་དབང་གིས་ཆོས་སྒོ་དབྱེ་བར་མཛད་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། དགྲ་ལས་རྣམ་རྒྱལ། སློབ་དཔོན་བྱང་ཆུབ་བཟང་པོ། སློབ་དཔོན་ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ་མྱ་ངན་མེད་པ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྚི་ཏ་ཆེན་པོ། ཤར་པ་རྡོ་རྗེ་འོད་ཟེར། བཀྲ་ཤིས་འོད། ཨེ་པ་འཁོན་སྟོན་ཐུགས་རྗེ་རིན་ཆེན། བླ་མ་འཇམ་དབྱངས་ཆེན་པོ་རིན་ཆེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། སྤང་ཁང་པ་གྲགས་པ་དཔལ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་