R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤ན
[A:༤ན]ན་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་དང་། གང་དེའི་ཐུགས་སྲས་དགོན་དེའི་མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བློ་གྲོས་རིན་ཆེན་ལས་ཐོབ་པ་རྣམས་དང་། དྲུག་པར་༧གོང་ས་༧རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་བསྩལ་བ་རྣམས་དང་། བདུན་པར་མཁན་ཆེན་བྱམས་པ་འཇམ་དཔལ་བཟང་པོ་ལས་ཐོབ་པ་རྣམས་དང་། བརྒྱད་པར་ངོར་ཕན་ཁང་མཁན་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་རྣམས་ལས་ཆོས་ཚུལ་ནོས་པ་རྣམས་དང་། དགུ་པར་མགོ་ལོག་སྤྲུལ་སྐུ་རི་སྐེད་བྱ་བྲལ་རིན་པོ་ཆེ་ནས་ཐོབ་པ་རྣམས་དང་། བཅུ་པར་ད་དུང་སླད་ནས་ཞུ་དགོས་རྣམས་དགོད་པའི་གནས་སུ་བཞག་པ་སྟེ་བཅུའོ། ། ༄༅། །ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ་ལས། རིམ་པར་ཕྱེ་བ་དང་པོ། ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་ལས་ ནོས་སྐོར་བཞུགས་པ་ལགས་སོ། ། དེ་ལས་དང་པོ་ནི། ཐོག་མར་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། རྟེན་འབྲེལ་གྱི་གནད་ལ་དགོངས་གྲུབ་ཆེན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ཞེས་དགུང་གྲངས་བརྒྱ་དང་ཉི་ཤུ་བཞུགས་པ་དེ་ཉིད་ཀྱི་བཀའ་སྲོལ་ལས་བྱུང་བ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གདམས་པ་བྱ་རྒྱུད་པདྨའི་རིགས་ཀྱི་