R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༤༢
[A:༡༤༢]རྒྱུད། བདུད་རྩི་བུམ་པའི་དབང་ལུང་སོགས་གསན། ཟླ་བ་བཅུ་པའི་ཚེས་ལྔ་ལ་དབུས་ཕྱོགས་ལ་ཆིབས་ཁ་བསྒྱུར། བྱང་ལམ་བརྒྱུད་ཚེས་བཅོ་བརྒྱད་ཉིན་དན་དཔག་རིན་ཆེན་སྒང་དུ་སྐུ་ཞབས་ཡས་ཕྱིན་ནས་ཕེབས་བསུ། ཐབ་བསུ་སོགས་ཟབ་རྒྱས་སྩལ། ལྷ་སར་ཕེབས་ནས་རྒྱལ་དབང་མཆོག་གི་མཇལ་འཛོམས་སྐབས་ཆོས་ཀྱི་གླེང་མོ་སོགས་ཞིབ་རྒྱས་གནང། བཞུགས་གྲལ་ཚེ་དཀར་གྱི་བཀའ་འགྲེལ་དང་གནང་ཆ་སོགས་བསམ་གྱིས་མི་ཁྱབ་པ་གནང། ཉེར་ལྔ་ལ་ཕན་ཡུལ་གཞུང་སྐོར་གྱི་ནཱ་ལེཎྜར་ཆིབས་ཁ་བསྒྱུར། གླང་རའི་བར་ཇ་རྒྱུགས་དང་ཆིབས་སྐྱེལ་བ་སོགས་གནང། ཚེས་ལྔ་ལ་དགོན་པར་ཕེབས། དེར་འདུས་དགེ་འདུན་སོགས་ལ་རྒྱུ་ལམ་སྒྲུབ་ཐབས་སོགས་འདོད་ཆོས་རྣམས་སྩལ་ཤིང། ཤི་གསོན་ཐམས་ཅད་ཀྱི་རེ་བ་བཀང་སྟེ་ཟླ་བ་གསུམ་བཞུགས། ཤིང་ཡོས་རྟ་ཟླའི་ཉེར་བརྒྱད་ལ་ཆིབས་ཁ་སྒྱུར་ཏེ་ཁྲ་ཟླའི་བཅུ་བཞིའི་ཉིན་རྩེ་གདོང་དུ་ཕེབས། མགོན་ཁང་སོ་སོར་གཏང་རག་བསྐང་གསོ་རྒྱས་པར་གནང། སློབ་དཔོན་པདྨ། ཚེ་དཔག་མེད། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་སོགས་ཀྱི་སྐུ་བརྙན་མང་དུ་བཞེངས་ཤིང་རྣམ་རྒྱལ་ཕོ་བྲང་དུ་བཞུགས་ཏེ། སྣྲོན་ཟླའི་ཚེས་ལྔ་ལ་རབ་གནས་སྩལ་ཞིང། རྟེན་རྣམས་ལ་ན་བཟའ་མཆོད་རྫས་སོགས་ཀྱིས་བཀའ་འདོམས་མཛད། ཆུ་སྟོད་