R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༧༣
[A:༡༧༣]སྲུང་དང་བཅས་པའི་དབང་ལུང་ཡོངས་རྫོགས། ཤ་འུག་ནས་སྤྲངས་པའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གཏེར་སྲུང་དང་བཅས་པའི་དབང་ལུང་ཡོངས་རྫོགས། ཁྱད་པར་རྗེ་འདི་གནུབས་ནམ་སྙིང་གི་སྤྲུལ་པ་ཡིན་པ་དང་། གནམ་ལྕགས་དང་ཤ་འུག་གཉིས་ཀྱི་ཆོས་བདག་ཡིན་པ་སོགས་གཏེར་ཁ་སོ་སོ་ནས་ལུང་གིས་ཟིན་པ་བཅས། གཏེར་སྟོན་ཆེན་པོ་ཡང་ཆོས་བདག་པོར་འཕྲོད་པས་དགེས་ཚོར་དཔག་མེད་མཛད། གཞན་ཡང་གཤིན་རྗེ་ཚེ་བདག་གི་དབང་། ལས་བྱང་པདྨའི་ལྗོན་ཤིང་གི་ལུང་། ཟླུམ་པོ་བཞིའི་དབང་། མཁའ་འགྲོ་སྙིང་ཐིག་གི་དབང་དང་ ལུང་སྐོར་ལ་ཡང་གསང་གནད་ཀྱི་མན་ངག་ཁ་བྱང། བཏགས་གྲོལ་འགྲེལ་པ། སངས་རྒྱས་འདས་རྗེས། རིགས་ལྔ་ཕྱི་ནང་གི་སྒྲུབ་ཐབས་བུམ་དབང་དང་བཅས་པ། དབང་གསུམ་པའི་ལག་ལེན། རིགས་ལྔའི་ངོ་སྤྲོད། བུམ་སྒྲུབ། དཀྱིལའཁོར། གསང་དབང་ཤེས་རབ་ཡེ་ཤེས་དང་བཅས་པའི་ལྷན་ཐབས། རིག་པ་ངོ་སྤྲོད། རིགས་ལྔ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ། རྟ་ཕག་ཀྐིའི་ལས་བྱང་། ཚོགས་མཆོད། རྒྱབ་ཡིག རིགས་ལྔ་མཆོད་འབུལ་ཚོགས་མཆོད། ཞལ་གདམས་གནད་འབེབས། ཌཱཀྐིའི་ནོར་སྒྲུབ། ལམ་གྱི་དོན་ཁྲིད། ཏི་ལ་གསལ་བྱེད། ལུང་གི་ཕྲེང་བ། རྟགས་ཚད་ཡི་གེ་ཁྲེགས་ཆོད་ཁྲིད། མཁའ་