[A:༡༧༢]ཕྱོགས་གྲྭ་རྣམས་ལ་བསྙེན་རྫོགས་གནང་།
ནག་ཟླའི་གནམ་གང་ནས་ཉིན་གསུམ་སྲིད་གསུམ་པ། རིན་སྒང་པ་སོགས་གྲྭ་རིགས་རྣམས་ལ་ཀུན་རིག་གི་དབང་། གཞན་ཕན་མཐའ་ཡས་བརྒྱུད་འདེབས་སྦྱིན་སྲེག རོ་སྲེག ཚ་ཚའི་རབ་གནས། དབང་ཆོག་རྣམས་ཀྱི་ལུང་དང་། ས་གའི་ནང་བླ་མ་མ་ཎི་སྐོར་ཆེན་པས་བསྐུལ་བར་གདན་ས་འདི་ཉིད་དུ་འགུ་ཡུལ། རྒྱལ་རྩེ། པ་རྣམས་ཆུ་ལྷོ་བརྒྱུད་ཕལ་ཆེར། ཐོབ་རྒྱལ་ཡན། ཤངས་མཁར་ཆེན་རྩེ་མན་མི་སྟོང་ལྷག་ཙམ་ལ་རྩ་གསུམ་དྲིལ་སྒྲུབ་དབང་དང་། ཚེ་དབང་ལྕགས་སྡོང་མ་སྩལ། སྣྲོན་ཟླའི་ཚེས་གསུམ་ལ་གཏེར་སྟོན་གཏེར་བདག་གླིང་པར་ཕེབས་བསུ་ཇ་རྒྱུགས་བཅས་རྫོང་བདའ་། ལྷུན་རྩེར་ཕེབས་ཐོག་མཇལ་འཛོམ་ལེགས་པར་མཛད་ཅིང་ཚེས་ལྔའི་ཉིན་ཆོས་བཀའ་འབུལ་བའི་དབུ་ཚུགས། དེ་ཉིན་ཁ་བཏགས་ཉིན་བདེ། སྒྲོལ་དཀར་གྱི་དངུལ་སྐུ། གཡང་ཏྲིའི་སྡེར་མ། གོས་ཡུག་སོགས་དགུ་ཚན་བཟང་བ་གསུམ་ཕུལ། ཐོག་མར་གཏེར་གསར་ལ་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའི་རིག་འཛིན་ཐུགས་ཐིག་གི་དབང་ལུང་ཁྲིད་སོགས་ཡོངས་རྫོགས། གནམ་བྲག་ནས་སྤྱན་དྲངས་པའི་རྡོར་སེམས་དང་གུར་དྲག་ཁྲོ་མོ་རག་གདོང་མ་སོགས་དབང་ལུང་ཡོངས་རྫོགས། ཤེལ་བྲག་ནས་སྤྱན་དྲངས་པའི་གཤིན་རྗེ་དྲེགས་འཇོམས་གཏེར་