[A:༡༧༥]ཚེས་བཅུ་གསུམ་ཉིན་རྗེ་ཉིད་ནས་གཏེར་སྟོན་ཆེན་པོར་གཟུངས་གྲྭ་ལྔ། སྒྲོལ་ལྗང་། ཚེདཀར་རྣམས་ཀྱི་རྗེས་གནང་སྩལ། དེ་ཉིན་གཏེར་སྟོན་ཆེན་པོས། མཆོག་གསུམ་འདི་ཉིད་ལ་ཞབས་བརྟན་བསོད་ཡེ་མ་ཚིགས་བཅད་དང། འབུལ་བ་སོགས་ལེགས་པར་ཕུལ་བས་རྟེན་འབྲེལ་ལེགས་ཚོགས་ཆེ་བར་འགྲིག གཏེར་སྟོན་ཆེན་པོར་ཡང་སྟོན་མོ་གཟབ་རྒྱས་ཕེབས་རྫོང་གི་གནང་ཆ་སོགས་རྒྱ་ཆེར་སྩལ། ཕྱག་མཛོད་སོགས་ཞབས་ཕྱི་རྣམས་ལའང་གནང་ཆ་ཤིན་ཏུ་རྒྱས་པར་མཛད། ཚེས་བཅུ་བདུན་ཉིན་གཏེར་སྟོན་ཕེབས་སྐྱེལ་བ་ཕྱག་མཛོད་སོགས་དྲུང་འཁོར་བཅོ་ལྔ་གནང་།
ལོ་སྔོན་མའི་ནང་སྲས་ཡུམ་དཔོན་གཡོག་དབུས་སུ་ཕེབས། ཚེས་བཅུ་དགུའི་ཉིན་གདན་སར་ཕེབས་རྒྱུ་ལ། ཕྱག་མཛོད་སོགས་དྲུང་འཁོར་བཅོ་ལྔ་ཕེབས་བསུར་གནང། སང་ཉིན་ལྷུན་རྩེར་ཕྱག་དབང་ལ་ཕེབས་པར་ཕེབས་བསུ་གཟབ་རྒྱས་སྩལ།
ཆུ་སྟོད་ཟླའི་ཚེས་གསུམ་ལ་སྡིངས་མ་དང་སྲིད་གསུམ་གྱི་དགེ་འདུན་བརྒྱ་ཕྲག་བརྒལ་ཙམ་ལ་ཐུགས་རྗེ་ཆེན་པོའི་དམར་འཁྲིད་ཚེམ་བུ་ལུགས་ཀྱི་དཔེ་ལུང་། ཐུགས་རྗེ་ཆེན་པོ་དང་ཕྱག་ཆེན་ཟུང་འཇུག་ཉམས་ལེན། གཏོར་ཆོག། དཀོན་མཆོག་སྤྱི་འདུས། གཏེར་སྟོན་འཇའ་ཚོན་སྙིང་པོའི་རྣམ་ཐར། རྣམ་ཐར་དྲི་མེད། འབྱུང་འདུལ་བདག་བསྐྱེད། གཏེར་སྟོན་གོལ་འདེབས་གཉིས།