[A:༡༧༦]རྗེ་འདིའི་སྐུ་བསྟོད་གཉིས། ཆོས་རྒྱལ་རྡོ་རྗེའི་སྐུ་བསྟོད་གཉིས། ཡེ་ཤེས་སྐུ་མཆོག ཐུགས་ཐིག་སྔོན་འགྲོ་དང་ལས་བྱང་སོགས་ཀྱི་ལུང་། རབ་བྱུང་བསྙེན་རྫོགས། ཀུན་རིག་གི་དབང་། འབྱུང་འདུལ་རྗེས་གནང་བཅས་སྣོད་ལྡན་རྣམས་ཀྱི་རེ་བ་ཚིམ་པར་མཛད། གཞན་ཡང་འདོད་ཆོས་ཞུ་མི་སོ་སོར་གཉན་སྒྲོལ་རྗེས་གནང་། ཕྱག་འཚལ་ཉིར་གཅིག་གི་ལུང་ཕུར་པའི་དབང་སོགས་གནང།
དབྱུག་ཟླའི་བཅུ་དགུ་ལ་གཏེར་སྟོན་གྱི་སྐུ་བསྟོད་མཆོག་ཏུ་མི་འགྱུར་མ་བན་ཚང་པར་འཛུགས་པར་གནང་ཐོག་ཚོགས་དབུར་ཕེབས། ཡང་གསོལ་འདེབས་རྒྱང་འབོད་མ་ཞིག་ཀྱང་མཛད། ཡབ་རྗེར་ཞབས་བརྟན་གསོལ་འདེབས་ཤོ་ལོ་ཀ་གསུམ་ལྗགས་བསྒྲིགས་གནང་། ཡང་ཆོས་སྐྱོང་ཆེན་པོའི་ལུང་བཞིན་གྲོ་བཞིན་གྱི་ཚེས་བཅུ་དགུའི་ཉིན་ཞབས་བརྟན་ཕུལ།
ཁྲུམས་ཟླའི་ཚེས་ལྔའི་ཉིན་བྱང་གནམ་མཚོར་ཆིབས་ཁ་ཕྱོགས། གཅུང་རྒྱན་མཆོག་རིན་པོ་ཆེ། གདུང་བརྒྱུད་སྐུ་མཆེད་ཡུམ་བཅས་སྐུ་འཁོར་སེར་སྐྱ་རྣམས་ཀྱིས་ཕེབས་སྐྱེལ་ཞུས། འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་པས། སེ་ས་ལྷ་ས་སོགས་སུ་ཚེ་དབང་གནང་། རིམ་བཞིན་བྱེ་དཀར་སྦུག་ཏུ་ཕེབས་པར་ཕྱིས་ནས་ཕྱག་ཕྱི་རྣམས་ཉོན་མོངས་པ་ན། རྗེ་འདི་ལ་བསྙེལ་