R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༡
[A:༣༡]པོ་བྱུང་སོང་བླ་མའི་དྲིན། དཔལ་ལྡན་ས་སྐྱའི་དགོན་གནས་དེ་འཛིན་བཅས། རྨད་བྱུང་ལོ་རྒྱུས་སྙན་ངག་གིས་མ་སྒྲིབ། དྲང་པོའི་གཏམ་མོ་བཟོ་ཁྱད་འདིར་མ་དགོས། འཛམ་གླིང་འདི་ན་རླུང་ལྟར་གྲགས་ནས་འདུག། དེ་ལྟར་གླེང་ལ་དགོས་པ་འདུག་ན་ནི། དགེས་པར་མཛོད་ཅིག་འཇམ་དབྱངས་ཐོབ་ཕྱིར་བསྔོ། དགོས་པ་མེད་ན་བདག་གི་གཏམ་འཆོལ་དང། སྤྲང་པོའི་ཁ་ནི་འབྲེལ་མེད་ཡིན་འདུག་པས། ཉི་རིང་བསྐྱེལ་ཐབས་ཙམ་དུ་གཟིགས་ནས་ཀྱང། ཉེས་ཀུན་མཁའ་མཉམ་སྡིག་དང་ལྷན་བཤགས་འབུལ། རྨོངས་མཁས་ཀུན་གྱིས་བཀྲ་ཤིས་གནང་རོགས་ཞུ། སརྦ་མངྒ་ལཾ།