R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༠
[A:༣༠]བསོད་ནམས་བཞུགས། དེ་འཕྲོས་ནས་ནི་ཤིང་སྤྲེའི་བར་ང་གཅིག། སྔགས་འཆང་ཆོས་ཀྱི་རྒྱལ་པོས་བསྟན་སྲོག་བཟུང། དེ་འཕྲོས་ནས་ནི་ས་གླང་བར་ལོ་དྲུག། འཇམ་དབྱངས་བསོད་ནམས་དབང་པོ་གདན་སར་བཞུགས། ས་སྟག་ནས་བཟུང་མེ་སྦྲུལ་བར་སོ་བདུན། གྲགས་པ་བློ་གྲོས་གདན་སར་བཞུགས་ནས་ཀྱང། དེ་འཕྲོས་ནས་བཟུང་ས་ལུག་བར་ལོ་གསུམ། སྐུ་འབྲིང་ངག་དབང་ཀུན་དགའ་དབང་རྒྱལ་པོ། དེ་འཕྲོས་ནས་བརྩིས་ས་ཕག་བར་ཞེ་གཅིག། འཇམ་མགོན་ཨ་མེས་ཞབས་བཞུགས་དེ་འཕྲོས་ནས། ཤིང་གླང་བར་དུ་ཉེར་བདུན་བསོད་དབང་ཕྱུག། དེ་འཕྲོས་ནས་ནི་ལྕགས་ཡོས་ལོ་ཡི་བར། ཉེར་བདུན་ངག་དབང་ཀུན་དགའ་བཀྲ་ཤིས་བཞུགས། དེ་འཕྲོས་ནས་བཟུང་ལྕགས་བྱ་ལོ་ཡི་བར། སོ་གཅིག་ཡབ་རྗེ་རྡོ་རྗེ་འཆང་གིས་མཛད། དེ་འཕྲོས་ནས་ནི་འདི་ལོའི་ལྕགས་གླང་བར། ཞེ་གཅིག་རྟ་ལམ་བོང་གཟུང་ཀུན་བློའོ། ། ད་ནི་དེ་རིང་ཚེ་ཚད་རྫོགས་ནས་ཀྱང། དོ་ནུབ་འཆིའམ་ཡང་ན་རང་ཉིད་ཀྱི། ཚེ་ཚད་བར་དེར་དུས་མིན་འཆི་མེད་ན། ལོ་ཤས་སྡོད་པའང་སྲིད་དོ་མོས་ལྡན་རྣམས། དགའ་བར་མཛོད་ཅིག་བདག་ལ་ལན་ཆགས་རྣམས། འཆི་དུས་མི་འདུག་སྒུག་ཡུན་ཨ་རེ་རིང། ཉམས་ལྡན་འདི་འདྲ་བདག་གི་གཤིས་ལུགས་ཏེ། ཚིག་སྒྲ་ལེགས་