[A:༥༨༥]མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། བིར་བསྲུང་ཕྱི་མའི་ཡི་གེ་སྔགས་འཆང་ཆེན་པོས་མཛད་པ། བིར་བསྲུང་མཐུན་མོང་མ་ཡིན་པའི་ཡི་གེ ལམ་ཟབ་ནང་མའི་ཡི་གེ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་བཤད་པ་ཟབ་དོན་གནད་ཀྱི་གསུང་བགྲོས་དང་། ལུས་དཀྱིལ་གྱི་རྣམ་བཤད་བདེ་ཆེན་བཅུད་ཀྱི་སྙིང་པོ། ཀྱཻ་རྡོར་བསྐྱེད་རིམ་གྱི་རྣམ་བཤད་བློ་གསལ་བདེ་འཇུག་རྣམས་ཀྱི་ལུང་། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་འཁྲིད། སྒྲུབ་པ་ལུང་སྦྱིིན། གསང་བཅུའི་རྒྱས་བཏབ། གུར་མགོན་ལྷ་བརྒྱད། ཛམ་སེར་ནག་རྣམ་ཀྱི་རྗེས་གནང་། ཡང་ཕུར་རས་བྲིས་ཀྱི་དབང་། ཡང་ཕུར་མན་ངག་ཨ་ཏི་གླེགས་བམ་གྱི་ལུང་། གུ་རུ་བྲག་དམར་གྱི་དབང་། སྒྲུབ་ཐབས་རྒྱ་རྒྱམ་གྱི་རྗེས་གནང་རྒྱ་གཞུང་བོད་གཞུང་གི་ལུང་བཅས་སྒྲོལ་མ་ཉེར་ཅིག འབྱུང་འདུལ། ཞལ་བཞི་བསྙེན་དུས། མགོན་པོ་ཁྲོ་བཅུ། དུར་ཁྲོད་བདག་པོ། དཀར་བདུད་ལྕམ་དྲལ། གྲུབ་རྒྱལ་ཚེ་དབང་། བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཉམས་འཁྲིད། དེའི་ཡིག་ཆ་ཁ་ཤས་དང་། འཇམ་དཔལ་མཚན་བརྗོོད། རྩ་བརྒྱུད་བརྟག་གཉིས། ཚེ་མདོ། ཤེར་སྙིང་། རྡོར་གཅོད། སྨོན་ལམ་རྣམ་གསུམ། བྱམས་པའི་དམ་བཅས་པའི་གཟུང་། སྤྱོད་འཇུག རྗེ་དགོན་པ་བའི་བསྟོད་པ་ཡོན་ཏན་མཆོག་མངའ་མ་སོགས་བསྟོད་པ་དུ་མ། ཕར་ཚད་བརྒྱུད་འདེབས། ནཱ་རོ་མཁའ་