R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༨༦
[A:༥༨༦]སྤྱོད་ཀྱི་བརྒྱུད་འདེབས་རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ལུང་། ཡང་དཔལ་འཁོོར་ལོ་བདེ་མཆོག་ལུ་ནག་དྲིལ་གསུམ་གྱིས་རས་བྲིས་དང་ལུས་དཀྱིལ་དུ་དབང་བསྐུར་བ། ནག་པོ་ལུགས་ཀྱི་འཁོར་ལོ་སྡོམ་པའི་བསྐྱེད་རིམ་གྱིས་བཤད་པ་ཤིན་ཏུ་ཞིབ་པ་དང་སེམས་འཛིན་གྱི་འཁྲིད། རྫོགས་རིམ་ཟབ་མོ་ནག་པོ་རིམ་བཞི་དང་། དཔྱིད་ཐིག་གི་ཁྲིད། དེ་དག་གི་རྒྱབ་རྟེན་བདེ་མཆོག་ཉུང་ངུ། ནག་པོ་གཞུང་དྲུག་ས་ཆེན་གྱི་ནག་པོ་མངོན་རྟོགས། ནག་པོ་དཀྱིལ་ཆོག་ལུ་ནག་དྲིལ་གསུམ་གྱི་སྒྲུབ་ཐབས་ཀྱི་རྣམ་བཤད་རྣལ་འབྱོར་གསང་མཐའི་བསྟན་པ་རྒྱས་པའི་ཉིན་བྱེད། ནག་པོ་གཞུང་དྲུག་གི་ཐོ་ཡིག་གམ་ཊིཀྐ་ས་ཆེན་གྱིས་མཛད་པ། ཆོས་བྱུང་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད། ས་ལོ། སྔགས་འཆང་གཉིས་ཀྱིས་མཛད་པའི་ནག་པོ་སྒྲུབ་དཀྱིལ་ལྷན་གཅིག་སྡེབས་པ་གསར་བུའི་བློ་ཆེན་འཇུག་བདེ། དྲིལ་བུ་ལུགས་ཀྱི་ལུས་དཀྱིལ་གྱི་བཤད་པ་ཤིིན་ཏུ་མཐའ་ཆོད་པ་དང་སེམས་འཛིན་གྱི་འཁྲིད་ཟབ་མོ། དྲིལ་བུ་རིམ་ལྔའི་སྔོན་འགྲོའི་བྱིན་རླབས། ལུ་ཧི་པའི་སྨད་ལྔར་གྲགས་པ་རྣམས་དང་། ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད། རྡོ་རྗེ་རྣལ་འབྱོར་མའི་བེ་བུམ། གུར་མགོན་ལྕམ་དྲལ་གྱི་བསྐང་བ་ནག་པོ་མཆོད་རྟེན། ཆོས་ཉི་མ། བསྟན་སྲུང་སྤྱི་བསྐང་ཆོ་ག་དངོས་གྲུབ་རྒྱ་མཚོ། སྐུ་དང་གསུང་ཐུགས་མ། གཏུམ་ཆེན་མ། ལྷ་མོའི་བསྐང་བ་དངོས་