R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༥༧
[A:༧༥༧]ཆོས་སྡེར་གནས་གསར་རྡོ་རྗེ་འཆང་ཆེན་པོར་ལྗགས་བསྔོ་ཞུ་ཚོན་ཙམ་དུ་དབུ་ཞ་ན་བཟའ་ཞབས་ལྷམ་སོགས་ཆ་འགྲིག ཕྱག་ཕྲེང་བརྒྱན་བཅས་རྫབ་ཕོར། ཕུར་པ་རྡོར་དྲིལ་ཌཱི་མ་རུ་ནང་མཆོད་སྣོད་འཐོར་ནས་ཏིང་ཤགས་ཆིབས་སྒ་འཁོར་ཆ་ཚང་བརྒྱད་ཚན་གསུམ་བཅས་གྲྭ་གྲངས་ཉིས་བརྒྱ་སྐོར་ནས་ཀྱཻ་རྡོར་མན་ངག་ལུགས་བདག་མེད་མ། གུར་རིགས་བསྡུས། རྡོ་རྗེ་སྒྲོལ་མ། རིག་བྱེད་མ། གསང་འདུས་ལུགས་གཉིས། འཇིགས་བྱེད་བཅུ་གསུམ་མ། ཕྱག་རྡོར་ཁོར་ཆེན། བདེ་མཆོག་ལུ་ནག ནཱ་རོ་མཁའ་སྤྱོད། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་མཉམ་སྦྱོར། གདན་བཞི། སམ་བུ་ཊི། གུར་ལྷ་བརྒྱད། ཀུན་རིག རིགས་གསུམ་སྤྱི། མི་འཁྲུགས་པ། ཚེ་དཔག་ལྷ་དགུ འོད་ཟེར་ཅན། རྣམ་རྒྱལ་སྟོང་མཆོདུས་འཁོར་རྣམས་ཀྱི་སྒྲུབ་མཆོད། དགོས་ཆ་གོང་བཞིན་དང་། འགྱེད་གསེར་གུར་ཞོ་སོོ་བརྒྱད་དང་ཊམ་དྲུག་ཞ་ལུར་གྲྭ་གྲངས་གསུམ་བརྒྱ་སྐོར་ནས། རྡོར་དབྱིངས་རྩ་བ་ལུགས། འབྲེལ་པ་ལུགས། རྩེ་མོ་རིགས་བསྡུས། དཔལ་མཆོག་རིགས་བསྡུས། དཔལ་མཆོག་རྡོར་སེམས། ཁམས་གསུམ་རྣམ་རྒྱལ། ཆོས་དབྱིངས་གསུང་དབང་། འཇམ་དཔལ་རིགས་བསྡུས། འཇམ་དཔལ་གསང་ལྡན། ཀུན་རིག མི་འཁྲུགས་བཅུ་གསུམ་མ། འཆི་བདག་འཇོམ་པ། རྣམ་སྣང་མངོན་བྱང་། དྲི་མེད་རྣམ་གཉིས། གྲྭ་