R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༥༦
[A:༧༥༦]སྲང་བརྒྱ་གྱ་བདུན་ཞོ་ལྔ་བཅས་བཅུ་བདུན་བཅོ་བརྒྱད་ཉིན་དབུས་བྱང་ཁ་ལྷོ་ཁར་དགོགས་རྫོགས་གཏོང་བའི་ངོ་ཚབ་ཐོན་གདོང་མཆོད་མར་སྒྲུབ་རིན་དངུལ་སྲང་ལྔ་བཅུ་རེ། ལྷ་སར་ཇོ་བོ་ཞལ་རྣམ་གཉིས་རང་བྱོན་བཅུ་གཅིག་ཞལ་བྱམས་པ་མཆེད་ལྔ་བྱམས་པ་ཆོས་འཁོར་ལོ་ཀི་ཤྭ་ར་རྣམས་ལ་སྙན་ཤལ་ཞལ་བྱང་ཅན་རྒྱལ་ཚབ་རིན་པོ་ཆེར་སྨན་བར་ཡུག་གཉིས་གོས་ཇུས་ནག་ཁ་བཏགས། བསམ་ཡས། ཁྲ་འབྲུག ཡར་ལུང་ཤེལ་བྲག་རྣམས་ཀྱི་རྟེན་གཙོ་བོར་ཡང་སྙན་ཤལ། གོང་དཀར་དུ་རྣམ་གྲོང་རྡོ་རྗེ་འཆང་ཆོས་དབང་རྒྱ་མཚོའི་ཞལ་སྔ་ནས་ལ་ལྗགས་བསྔོ་རྟེན་སྨན་བར་དང་གོས་ཇུས་ནག་ཡུག ཆོས་སྡེ་ནས་གྲྭ་གྲངས་ལྔ་བརྒྱ་ཙམ་གྱི་གུར་རིགས་བསྡུས། ཀྱཻ་རྡོར་བཀའ་བབས་བཞི་གཟའ་ཡུམ། བདག་མེད་མ། གསང་འདུས། མི་བསྐྱོད། འཇམ་རྡོར། སྒྲོལ་མ་བཅུ་བདུན་མ། གུར་སྒྲོལ། ཨ་ར་པ་ཙ་ན། རིགས་གསུམ་སྤྱི་དཀྱིལ། བདེ་མཆོག་ལུ་ནག་དྲིལ་གསུམ། ཕག་མོ་སོ་བདུན་མ། འཇིགས་བྱེད་རོ་ལངས་བརྒྱད་སྐོར། བཅུ་གསུམ་མ། ཞེ་དགུ་མ། སྒྱུ་མ་ཆེན་མོ། ཀུན་རིག རྣམ་འཇོམ་བིར་ལུགས། གཤེད་མར་ལྷ་ལྔ། བཅུ་གསུམ་མ། དགྲ་གདོང་རྣམས་ཀྱི་དཀྱིལ་འཁོར་རྡུལ་ཚོན་སྒྲུབ་མཆོད་མཛད་རྒྱུའི་དགོས་ཆ་ངོ་དོད་ཚང་མ་དང་། ཡོན་གསེར་གུར་ཞོ་གོ་དྲུག་དང་ཊམ་གཉིས། བཀྲ་ཤིས་