[A:༧༦༡]གཏན་ཆོས་འཁོར། སྐུ་གཉེར་གྲྭ་ཚང་། མདའ་ཕུ་བསམ་གཏན་ཆོས་གླིང་། རྩེ་ཐང་དགའ་ལྡན་ཆོས་འཁོར། བདེ་ཆེན་ཆོས་འཁོར། རབ་གྲ། ཟུང་མཁར་མདོ་སྔགས་གླིང། དམ་ཆོས་རབ་གསལ་གླིང། རྣམ་རབ་དྭགས་གྲ དོལ་ཆོས་རྫོང། སྲིིན་པོ་རི། ཡར་འབྲོག་མཐར་གླིང། མཆིམ་ཕུ་གྲྭ་ཚང། འཕྱོང་རྒྱས་རི་བོ་བདེ་ཆེན། རྩེ་ཐང་འབྲས་གླིང། བྱེ་ཚོགས། བདེ་ལྡན་གསུང་རབ་གླིང། ནམ་མཁའ་མཛོད། གདུང་ཕུད་ཆོས་འཁོར། དགེ་སྟེང་། ལུམ་པའི་སྨོར། རབ་བརྟན་ཆོས་འཁོར། གོང་དཀར་ཆོས་སྡེ། དོལ་ཆོས་རྫོང། ཟབ་མོ་དགོན། གྲ་སྡིང་པོ་ཆེ། ཆོས་དར་སྦུག གློ་དོན་སྟེང། བྱམས་པ་གླིང། རྩེ་ཚོགས། མངོན་དགའ། ཟུང་མཁར་བདེ་ཆེན་གླིང། བཀྲ་ཤིས་ཆོས་སྡེ། གྲ་ཐང། སྨན་གླིང། ཕྲེང་སྒོ། ར་སྨད། བསམ་གཏན་སྒྲུབ་སྡེ། རྩེ་ཐང་ལྔ་མཆོད། བདེ་ཆེན་དཔལ་འབར། མཆིམ་ཕུ་སྒྲུབ་སྡེ། བཤད་སྒྲུབ་གླིང་། རྒྱས་གླིང་ཚོགས་པ། འབྲས་སྤུངས། སེ་ར། དགའ་ལྡན། རྣམ་རྒྱལ་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་རྣམས་ལ་མང་སྐོལ། པཎ་ཆེན་ཐམས་ཅད་མཁྱེན་དྲུང་ལྗགས་བསྔོ་ཞུ་ཚོན། དངུལ་སྲང་ལྔ་བཅུ། ཇ་འཁོར། རྟ་སྒ་འཁོར་རྣམས་ཀྱིས་མཚོན་བརྒྱད་ཚན་གསུམ་བཅས་ཚང་མའི་དངོས་པོ་གང་སོང་བསྡོམས་ཇ་འཁོར་དྲུག་དོན་གསུམ་ལྷག་ཙམ། དངུལ་