R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༦༩
[A:༧༦༩]ཆེན་གྱི་མདོ། བྱ་སྤྱོད་རྣལ་འབྱོར། རྣལ་འབྱོར་ཆེན་པོའི་ཕ་མ་གཉིས་མེད་རྒྱུད་རྣམས་འོག་ནས་གྱེན་རྫོགས་ཀྱི་ཁྲོད་རིག་ཕུག་དང་འདོད་གསོལ་དུ་མ། བདུད་རྩི་སྨན་འདམ་དང་། གདུང་ཚའི་རི་ཁྲོད་མ། འོད་ཟེར་ཅན། མི་གཡོ་བ། སྨེ་བརྩེགས། རྣམ་འཇོམས། སེངྒེ་སྒྲ། སོ་འབྲང་། གདུགས་དཀར། སྒྲོལ་ལྗང། རིགས་གསུམ་མགོན་པོ། བཅུ་གཅིག་ཞལ་ཚེལྷ་གསུམ། སྨན་བླ་བཅས་ཀྱི་སྐུ་རྣམས་སྡོམ་བཞི་སྟོང་དྲུག་བརྒྱ་ང་ལྔ། དེ་ནས་བར་ཐོག་སྟེང་སྨན་འཇིམ་སོགས་ལས་གྲུབ་པའི་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བློས་བསླངས་གོས་ཀྱི་ཡོལ་བ་བླ་རེ་མཆོད་ཚོགས་བཅས་ཆོ་གའི་སྒོ་ནས་བཞུགས་ཐར། ཐུབ་དབང་། རྣམ་སྣང། འོད་དཔག་མེད། མི་འཁྲུགས་པ། རྡོ་རྗེ་སེམས་དཔའ། འབྱུང་འདུལ། བྱམས་པའི་སྐུ་རྣམས་སྡོམ་བཞི་སྟོང་དང་གཅིག ངེད་རང་ནས་གཙུག་ཏོར་དྲི་མེད་ཀྱི་ཚ་ཆོག་བགྱིས་པའི་ཚ་ཚ་བརྒྱ་དང་བརྒྱད། ཡང་བར་ཐོག་སྟེང་རྒྱུ་གོང་འདྲའི་འོད་ཟེར་དྲི་མེད་ཀྱིས་བློས་བསླངས་སྤྱི་དང་ཁྱད་པར་གྱི་མཆོད་རྫས་གད་གཙང་བཅས་ཆོ་གའི་སྒོ་ནས་སྲོག་ཤིང་ཚལ་རྩི། བརྟན་སྔགས་གསེར་བྲིས། རྩ་བར་གསེར་སྲང་གང་དང་། ལྕགས་རྡོར་བྱིན་ཅན། སྒྲིབ་སེལ་གཟུངས་དགུ་བཅུ། ལོགས་ལ་མཛོད་རྙིང་དཀར་པོ་ཁ་གསར་ཅན་ལ་འདོད་གསོལ། མཐའ་སྐོར་དུ་འོད་ཟེར་དྲི་མེད་