R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༦༨
[A:༧༦༨]མགོན་པོ་བདུན་བཅུ། མཆོག་ཐོབ། ལས་སྒྲུབ། དོན་འགྲུབ་ཀྱི་སྔགས་རྣམས་སུམ་བརྒྱ་བཅུ་གཅིག གུར་ཞལ་ནོར་སྐྱོང་དཀར་བདུད་ཀྱི་སྐུ་རྣམས་སྡོམ་བརྒྱ་ཞེ་གཅིག དེ་དག་གི་རྗེས་གནང་གསན་དུས་ཀྱི་ནས་ནག གཡོན་དུ་རྣམ་སྲས་ནོར་བུ་བཟང་པོ་གནོད་སྦྱིན་ཕོ་དགུ་མོ་དགུ ཚོགས་བདག་ཉེ་སྙིང། སྙིང་པོ། མིང་སྙིང་། ཚངས་པ། བརྒྱ་བྱིན། དབང་ཕྱུག ཁྱབ་འཇུག ལྷ་མོ་བརྒྱད། མཆོད་སྤྲིན་རྣམས་ཀྱི་སྔགས་གྲངས་གོང་མཚུངས་རྣམ་སྲས་ཛམ་སེར་གྱི་སྐུ་རྣམས་སྡོམ་ལྔ་བརྒྱ་སུམ་ཅུ། དབུས་སུ་དཀོན་མཆོག་གསུམ་གྱི་བཀྲ་ཤིས། ཕར་ཕྱིན་དྲུག་གི་སྨོན་ལམ་སོགས་གྲངས་གོང་མཚུངས། ཚོགས་བདག་འདོད་རྒྱལ་གྱི་སྐུ་སྡོམ་ང་བརྒྱད། དེ་སྟེང་མཚམས་དར་བཀབས་དབུས་མཆོད་དགུ་མ་ཆེ་བ་རྣམས་ཀྱི་ཐོག་དྲངས་གོང་དུ་བཤད་པའི་གདུང་ཚ་མཆོད་དགུ་མ་འབུམ་རྒལ་ཙམ། དེ་རང་གི་རྒྱུན་ཚ་དགུ་སྟོང་བཞི་བརྒྱ་རེ་བརྒྱད། ཁོ་བོའི་རྒྱུན་ཚ་ཉི་ཁྲི་སུམ་སྟོང་བརྒྱད་བརྒྱ་དྲུག་སོགས་ཀྱི་མས་ནས་ཡར་གང་སླེབས་ཁྲོད་ཐོག་བསྲུང་འཁོར་ལོ། དེ་ནས་བསྟན་འགྱུར། དེ་ནས་བཀའ་འགྱུར་སྡེ་དགེ་པར་མ་དང། ཐར་རྩེ་བདེ་བར་གཤེགས་པ་དེ་ཉིད་ཀྱིས་བསྩལ་བའི་ཡུམ་རྒྱས་པ་བཅས་གླེགས་བམ་དེ་རྣམས་ལ་བཟང་གོས་སོགས་སྣ་ཚོགས་ཀྱིས་བརྒྱན་པའི་བཞུགས་རིམ་ཀྱང་རིག་གནས། ཐེག་དམན། ཐེག་