R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧༣
[A:༧༧༣]ནམ་མཁའ་རྒྱལ་མཚན་གྱི་སྤུར་རུས། ངོར་ཆེན་ཀུན་དགའ་བཟང་པོའི་སྤུར་རུས་སྤུར་ཐལ། རྒྱལ་ཚབ་ཞུན་ཐིགས། ཀུན་མཁྱེན་བསོད་ནམས་སེངྒེའི་སྤུར་རུས། མུས་ཆེན་སངས་རྒྱས་རིན་ཆེན་གྱི་སྤུར་རུས། སྤྱན་སྔ་ངག་དབང་ཆོས་གྲགས་ཀྱི་སྤུར་ཚ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་སྤུར་སྤོས། སངས་རྒྱས་སེངྒེའི་སྤུར་ཐལ། ཚར་ཆེན་དབུ་ཐོད་དུམ། སྔགས་འཆང་ཆེན་པོའི་ཞུན་ཐིགས་ཆབ་སེར་རིལ་བུ། འཇམ་དབྱངས་མཁྱེན་བརྩེའི་སྤུར་རུས། དཀོན་མཆོག་རྒྱ་མཚོའི་དབུ་ཐོད་དུམ། གཞོན་ནུ་བློ་གྲོས་ཀྱི་སྤུར་ཚ། གྲགས་བློ་བའི་སྤུར་རུས་ཆབ་སེར་རིལ་བུ། དཀོན་མཆོག་དཔལ་ལྡན་གྱི་སྤུར་རུས། ཤེས་རབ་འབྱུང་གནས་ཀྱི་སྤུར་རུས། མུས་ཆེན་སངས་རྒྱས་རྒྱལ་མཚན་དང་སྒར་ཆེན་གཉིས་ཀྱི་དབུ་ཐོད་དུམ། ཀླུ་སྒྲུབ་རྒྱ་མཚོའི་སྤུར་རུས། ངག་དབང་ཆོས་གྲགས་ཀྱི་གདུང་ཐལ། ཨ་མེས་ཞབས་ཀྱི་ཐུགས་དུམ་གདུང་རུས། མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་རུས། ངག་དབང་རྣམ་རྒྱལ་གྱི་དབུ་ཐོད་དུམ། བསོད་ནམས་དབང་ཕྱུག་གི་གདུང་རུས། བསྟན་པ་རབ་རྒྱས་ཀྱི་ཚེམས་རིང་བསྲེལ་ཅན་གྱི་དུམ་བུ། བཟང་པོ་རྒྱལ་མཚན་གྱི་གདུང་རུས། སྔག་འཆང་ཀུན་དགའ་བཀྲ་ཤིས་ཀྱི་གདུང་རུས་གདུང་ཐལ། མཚལ་གཏར་རིལ་བུ། ཡབ་རྗེ་རྡོ་རྗེ་འཆང་གི་སྤུར་ཆ་ཟེགས་འདམ་རྣམས་