R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧༢
[A:༧༧༢]འཆང་གཉིས་འཇིམ་སྐུ། ཀྱཻ་རྡོར་ལི་སྐུ། བདེ་མཆོག་དང་ཐུབ་དབང་གཉིས་ཀླུ་འཇིམ། རྡོ་རྗེ་གཞོན་ནུའི་འཇིམ་སྐུ། གུ་རུ་ཆོས་དབང་གི་གཏེར་བཞེས་གུ་རུའི་སྐུ། བིརླྦ་པ། དཀར་པོ་རྣམ་གསུམ། ཁ་ཆེ་པཎ་ཆེན། ཆོས་རྗེ་ཁུ་དབོན། བུ་སྟོན་རིན་པོ་ཆེ། རྡོ་རིང་རིན་པོ་ཆེ། ཡོངས་འཛིན་དཀོན་མཆོག་འཕེལ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཚར་ཆེན་རིན་པོ་ཆེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། སྔགས་འཆང་བསོད་ནམས་ཆོས་འཕེལ། འཇམ་མགོན་ཨ་མེས་ཞབས། གཟིམས་ཤག་ཆོས་རྗེ་ངག་དབང་རྣམ་རྒྱལ། འཇམ་དབྱངས་བསོད་ནམས་དབང་ཕྱུག སྔགས་འཆང་ཀུན་དགའ་བཀྲ་ཤིས་རྣམས་ཀྱིས་སྐུ་ལས། ཁ་ཆེ་པཎ་ཆེན་དང་བུ་སྟོན་རིན་པོ་ཆེ་ནས་བཟུང་སོ་སོའི་ཕྱག་ནས་མ། སྔགས་འཆང་ཆེན་པོའི་ཞལ་ཐང་ཆུང་ངུ་བྱིན་ཅན། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མགུར་འབུམ་སྔགས་འཆང་ཆེན་པོའི་ཕྱག་བྲིས་མ། སངས་རྒྱས་འོད་སྲུང་གི་ཚེམས་དུམ། བྱངས་སེམས་ཆོས་འཕགས་དང་ཆིབས་ངང་པ་གསེར་ལྡན་གྱི་ཚེམས་དུམ། ཇོ་བོའི་ཕྱག་ཚའི་དུམ་བུ། འབྲོག་མིའི་སྤུར་ཐལ། དམ་པ་རྒྱ་གར་གྱི་ཚེམས། རྗེ་བཙུན་གྲགས་པའི་གདུང་རུས། ས་པཎ་སྤུར་ཐལ་དབོན་སྟོན་སྐྱེར་སྒང་པའི་སྤུར་རུས། ཐེག་ཆེན་སྤུར་ཤ འཇམ་དབྱངས་