R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧༥
[A:༧༧༥]བ་སོའི་དབང་བུམ་བྱིན་ཅན་རྣམས། ཆོས་འཁོར་ནང་ཡབ་རྗེ་རྡོ་རྗེ་འཆང། ཨ་མེས་ཞབས་སྔགས་འཆང་ཆེན་པོ། ཚར་ཆེན། གོ་རམ་རྗེ། རྡོ་རྗེ་གདན་པ། རྫོང་པ་ཀུན་རྒྱལ། ངོར་ཆེན་རྡོ་རྗེ་འཆང་། གོང་མ་ལྔ། ལོ་ཆེན། ཨ་ཏི་ཤ བིརླྦཔ། བོ་དྷི་ས་ཏྭ། པདྨ་འབྱུང་གནས། འཕགས་པ་ཀླུ་གྲུབ། སངས་རྒྱས་རྡོ་རྗེ་འཆང་གི་སྐུ་བཅས་བསྡོམས་ཆིག་ཁྲི་ཆིག་བརྒྱ་དོན་གཅིག དབུ་གཟུངས་ལམ་ཟབ། ཀྱཻ་རྡོར་བཀའ་བབས་བཞི། བདག་མེད་མ། གུར། སམ། དུས་འཁོར་ས་ལུགས། བདེ་མཆོག་ལུ་ནག་དྲིལ་གསུམ། ས་ཕུར། གསང་འདུས་འཕགས་ལུགས། འཇིགས་བྱེད་ས་ལུགས། ཀུན་རིག ཨ་ར་པ་ཙ་ལྷ་ལྔ། ཚེ་དཔག་ལྷ་དགུ། སེམས་བསྐྱེད་དབུ་ལུགས། སོ་ཐར། གུར་ཞལ་རྣམས་ཀྱི་བླ་བརྒྱུད་མཚན་བྱང་དང། ས་སྐྱའི་གདུང་རབས་རྣམས་བརྒྱ་བཅུ་གསུམ་དང། གསེར་བྲིས་ཚར་གཅིག་སྟེང་གྲུབ་ཆེན་བརྒྱད་ཅུ། ཡང་དག་ས་ལུགས། དྲི་མེད་རྣམ་གཉིས་ཀྱི་བརྒྱུད་པ་རྣམས་བཞུགས་པའི་རྩེར་སངས་རྒྱས་རིང་བསྲེལ་ངེད་རང་གི་ལག་བབས་བཅོ་ལྔ། དེ་སྐབས་ཕྲལ་འབྱོར་ཉེར་ལྔ། ཁྱུང་པོའི་ཐུགས་བྱོན་རིང་བསྲེལ་གསུམ། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས། འོད་ཟེར་དྲི་མེད་ཀྱི་གཟུངས། མདོ་ཡུག་བྲིས་གདུགས་དཀར་སྐུ་གཟུངས་འཁོར་ལོ་རྣམས་བཞུགས་པར། ངེད་རང་ནས་རྒྱལ་