R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༧༦
[A:༧༧༦]མཚན་འཛུགས་ཆོག་རབ་གནས་བསྡུས་པ་དུ་མ་རྒྱས་པ་ཀྱཻ་རྡོར་དཀྱིིལ་ཆོག་དང་འབྲེལ་པ་ཞི་རྒྱས་སྦྱིན་སྲེག་བཅས་བགྱིས་དུས་ཤངས་འབའ་ར་སྤྲུལ་སྐུའི་བུམ་པ་བཅུད་ཅན་ཁ་བརྒྱན་ཅན་གྱི་ཐོག་དྲང་དངོས་པོའི་སྐྱེས་བཅས་ངོས་ཕྲད་ལ་བྱོན་པའང་མཆོད་སྡོང་དྲུང་དུ་བླང་ཞིང་། ད་འུ་དཔོན་དོན་ཡོད་ནས་གསེར་སྲང་བརྒྱའི་འབུལ་བའང་ཞི་བའི་སྦྱིན་སྲེག་ཐོག་འགྲིག་པ་སོགས་ལ་ཉེ་བཟང་པོ་དེའི་བུམ་པ་ད་ལྟ་ཚོགས་ཆེན་རྣམ་རྒྱལ་སོགས་ལ་མཛད་པ་འདི་ཡིན་ཅིང་། གསེར་དེ་ལས་བུམ་སྒོའི་གསེར་སྐུ་རྡོ་རྗེ་འཆང་སོགས་བཞེངས། དཔོན་ལ་ཁོ་བོས་དགེ་བསྙེན་གྱི་སྡོོམ་པ་འཕོག་སྟེ་ཀུན་དགའ་རྒྱལ་མཚན་དུ་བཏགས། རིང་འཚོའི་བདེན་ཚིག་རྩོམ་བསྐུལ་བྱུང་བས་བྱོན་དང་འབྱོན་འགྱུར་ས་སྐྱའི་གདུང་རབས་ཀུན་གྱི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་འགྱུར་མེད་གཡུང་དྲུང་བརྩམས་ནས་རེ་ཞིག་ཚོགས་འདོན་ལ་མ་བཙུགས་པ་སླར་ཆུ་ལུག་ལོ་ནས་བཏོན་ཆོག་བྱུང་བ་སོགས་དགེ་འབྲས་ཕྲལ་དུ་བྱུང་དྲ་ཡང་བྱིང་ངེ་སྡོད་པ་ཀུན་གྱི་སྲོལ་ཡིན། གང་ལྟར་གསེར་དངུལ་སོགས་ཀྱི་གཡོགས་མ་གྲུབ་པའི་ཤིང་འབུམ་དེ་ཉིད་ལ་ཚེས་དང་གཟའ་སྐར་འཕྲོད་དགེ་བ་ནས་བཟུང་ཐུབ་བསྟན་ལྷ་ཆེན་གྱི་གདན་རབས་ཉེར་བཞི་པ་མཁན་ཆེན་བརྩོན་འགྲུས་ཡེ་ཤེས་ཀྱི་ཀྱཻ་རྡོར་རབ་