R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A):
[A:༤]ཁ་སྐོང་ཕྱིས་བྱོན་རྩེ་གདོང་བླ་བྲང་པའི་གདུང་རབས་བྱུང་ཚུལ་དང་། དཔའ་ལྡན་ས་སྐྱ་ཉིད་དུ་གདུང་རབས་རྒྱུན་མ་ཆད་པར་བྱོན་ཚུལ་གཉིས་སྔགས་འཆང་བླ་མ་དེ་ཉིད་ཀྱིས་མཛད་པའི་ཚིགས་བཅད་དང༌། གཞུང་རྩ་འགྲེལ་གྱི་ཚུལ་དུ་བཀོད་པར་མཛད་དེ། རྩེ་གདོང་པའི་གདུང་རབས་འཇིག་རྟེན་རྒྱ་ཧོར་གདུང་སྲས་དང་བཅས་པ་ཡན་དང༌། ས་སྐྱའི་གདུང་རབས་སྔགས་འཆང་བླ་མ་རང་ཉིད་ཀྱི་རྣམ་ཐར་མདོར་བསྡུས་བཅས་བཀོད་པར་མཛད། དེ་རྗེས་དཔལ་ས་སྐྱའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ཞལ་སྐོང་ངོ་མཚར་རིན་ཆེན་འཛད་མེད་སྲིད་ཞིའི་དཔལ་འབྱོར་ལྷུན་གྲུབ་ཅེས་བྱ་བ། སྔགས་འཆང་བླ་མ་ཡབ་སྲས་རྣམས་ཀྱི་རྣམ་ཐར་དང་བསྟན་པ་སྐྱོང་བ་ལ་བསམ་བཞིན་དུ་སྐུ་སྐྱེ་བ་བཞེས་པ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་སྙན་རི་བོའི་ཁོང་སེང་དུ་རྒྱུ་བ་འདི་ཉིད་ཀྱིས་མཛད་པ། ས་སྐྱ་བསྐོར་དཔོན་མ་ཎི་བར་གནང་བའི་གདུང་རབས་ཚིགས་བཅད་འགྲོ་དོན་བཟང་པོ་དང༌། རྩ་འགྲེལ་གྱི་ཚུལ་དུ་མཛད་དེ་གོང་འཕྲོས་རྩེ་གདོང་བླ་བྲང་གི་གདུང་རབས་ཡོངས་རྫོགས་དང༌། དཔལ་ལྡན་ས་སྐྱ་ཉིད་དུ་གདུང་རབས་རྒྱུན་མ་ཆད་པ་བྱོན་ཚུལ་ནང་ནས། འཇམ་མགོན་ཨ་མེས་ཞབས་ཡབ་སྲས་ཁུ་དབོན་བཅས་ཀྱི་རྣམ་ཐར་རྒྱས་པ། ཡབ་རྗེ་བསོད་ནམས་རིན་ཆེན་གང་གི་རིགས་སྲས་གཅུང་པོ་མཐུ་སྟོབས་དབང་ཕྱུག འཇམ་མགོན་གང་གི་དགུང་གྲངས་གསུམ་པ་ཡན་གྱི་རྣམ་ཐར་བཅས་རྒྱས་པར་འཁོད་ཀྱང་དེ་མན་མཛད་